མེས་རྒྱལ་ལ་ཕུལ་བའི་བསྟོད་གླུ།

རྩོམ་པ་པོ།   སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2021-12-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

མེས་རྒྱལ་ལ་ཕུལ་བའི་བསྟོད་གླུ།


བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་། སྒྲོལ་མ།


མེས་རྒྱལ་ནི་ཅི་འདྲའི་བྱམས་དང་བརྩེ་བ་མཚོན་པའི་མིང་བརྡ་ཞིག་རེད་འང་།

ངའི་མེས་རྒྱལ་ནི་འཛམ་གླིང་གི་ཤར་ཕྱོགས་སུ་ཡོད་དེ།

ལོ་ངོ་སྟོང་ཕྲག་ལྔའི་ལོ་རྒྱུུས་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། 

དེར་གཞི་རྒྱ་ཆེ་ལ་མཛེས་ཤིང་སྡུག་པའི་ས་ཁོངས་ཡོད་ལ།

ཡིད་དུ་འོང་བའི་རི་ཆུ་ནགས་གསུམ་ཡོད།           

འཛམ་གླིང་གི་ཤར་ཕྱོགས་སུ་རླབས་ཆེ་བའི་མི་རིགས་ཤིག་ཡོད་དེ།

མི་རིགས་དེ་ལས་ལ་བརྩོན་ཞིང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཡོད།

མཛད་མེད་ཀྱི་རྨ་ཆུ་ནི་ཁོ་མོའི་ཁྲག་རྒྱུན་དུ་འབབ་བཞིན་ཡོད་ལ།

བརྗིད་ཆགས་ཀྱི་རི་བོ་ནི་ཁོ་མོའི་རྐང་འཛིན་ཡིན།

འདི་ནི་ང་ཚོའི་གཅེས་པར་འོས་པའི་མེས་རྒྱལ་ཏེ།  ཀྲུང་གོ་ཡིན།


ཀྲུང་གོ་ཞེས་པའི་ཐ་སྙད་འདི་སེམས་སུ་དྲན་ཐེངས་རེར།

ངའི་སེམས་སུ་གཟི་བརྗིད་དང་ལ་རྒྱ་ཞིག་གིས་དབང་མེད་དུ་ཁེངས་ཡོང་སྟེ།

ངས་ཁྱེད་ཀྱི་ལོ་ངོ་སྟོང་ཕྲག་ལྔའི་ནང་གི་མཚར་སྡུག་ལ་བསྟོད་བསྔགས་བྱེད།

ངས་ཁྱེད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་སྙན་མོ་དབྱངས་ལ་འགུག

ཨེ་མ།  མེས་རྒྱལ་ནི་ཅི་འདྲའི་མཛེས་སྡུག་ལྡན་པའི་ཚིག་སྦྱོར་ཞིག་རེད་འང་།

ཨེ་མ།  མེས་རྒྱལ་ནི་ཅི་འདྲའི་དྲོ་སྐྱིད་ལྡན་པའི་སེམས་ཀྱི་གཞི་རྟེན་ཞིག་རེད་འང་།


གུས་ལུགས་ཀྱི་སྲོལ་བཟང་གིས་ཁྱེད་ཀྱི་མཚན་བཏེགས་ཡོད་ལ།

ངོ་མཚར་འོད་སྟོང་ལྡན་པའི་རིག་གནས་དེ་འཛམ་གླིང་སྐྱེ་བོས་བསྟོད་པའི་གཞི་རུ་གྱུར་ཡོད།

དེ་ཕྱིར། ངས་སེམས་གཏིང་ནས་སྔོན་རབས་པའི་བྱས་རྗེས་ལ་ཐུགས་རྗེ་ཆེ་ཞུ།  

མེས་རྒྱལ་གྱི་སང་ཉིན་ལ་རེ་བས་ཁེངས་ཡོད།

རེད་ཡ།  མེས་རྒྱལ་ནི་མི་ཚང་མས་རེ་ལྟོས་བྱེད་པའི་སྨོན་ལམ་ཞིག་རེད།

རེད་ཡ།  མེས་རྒྱལ་ནི་ངའི་སེམས་ཀྱི་ཆེས་སྙན་པའི་དབྱངས་རྟ་ཡིན།

དེ་རིང་ང་ཚོས་ལག་ཟུང་གིས་དཔལ་འབར་དགུང་ལ་བཏེགས་ནས།

མེ་རྒྱལ་གྱི་སང་ཉིན་བསུ།


མེས་རྒྱལ་ལགས།

ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད།

མེས་རྒྱལ་ལགས།

ཁྱེད་ནི་ནམ་ཡང་ང་ཚོ་བྱམས་ཀྱིས་སྐྱོང་བའི་ཡུམ་ཆེན་དེ་ཡིན།

མེས་རྒྱལ།  མེས་རྒྱལ། 

འདི་ནི་ཅི་འདྲའི་བྱམས་དང་བརྩེ་བ་མཚོན་པའི་མིང་བརྡ་ཞིག་རེད་འང་།