བོད་ཕག་གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        ཟླ་བ་12བའི་ཚེས་5ཉིན། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བོད་ཕག་གསོ་སྤེལ་ཐོན་ལས་ཆེད་མངགས་ཚོགས་པས་བོད་ཕག་ཐོན་རྫས་གསར་བའི་གཙོ་གནད་གསོ་རའི་སྒོ་འབྱེད་མཛད་སྒོ་ལོ་ཅི་ཤང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལའུ་ཡོན་སྐྱེ་ཁམས་བོད་ཕག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་གསོ་སྤེལ་ལྟེ་གནས་སུ་སྤེལ་ཞིང་། དུས་མཚུངས་སུ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བོད་ཕག་ཐོན་ལས་ཚན་རྩལ་ཆེད་མངགས་ལས་བྱེད་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། 

        ཚོགས་འདུའི་ཐོག་ཡུན་ནན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་དང་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཁེ་ལས་ཀྱི་འཐུས་མིས་ཇི་ལྟར་བྱས་ཏེ་མཉམ་ལས་གསར་སྤེལ་གཏིང་ཟབ་དང་སྐུལ་ཁྲིད་དཔེ་སྟོན་སོགས་ཀྱི་གནད་དོན་ཐད་སྤེལ་རེས་གཏམ་བཤད་གཏིང་ཟབ་བྱས་པ་རེད། ཚང་མས་བོད་ཕག་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དེ་ནི་བདེ་ཆེན་གྱིས་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་འགོ་འཛུགས་ས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། དེ་ཕྱིར་འཕེལ་རྒྱས་ཁྲོད་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱད་ལྡན་སྤུས་རྟགས་ཐོན་ལས་གཏོད་ཆེད་ནུས་ཤུགས་ཡོད་རྒུ་བཏོན་ནས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་རང་ཉིད་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་དགོས་པའི་ངོས་འཛིན་མ་གྲོས་གཅིག་མཐུན་དུ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་རྣམ་གྲངས་དེ་ལག་བསྟར་བྱས་རྗེས་བོད་ཕག་གི་སྔར་ཡོད་ཁྱད་ཆོས་རྒྱུན་འཁྱོངས་དང་བོད་ཕག་གི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུར་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།