འབའ་ལུང་གི་ཞོག་རྒོད་རྒྱལ་ཡོངས་ཕུལ་བྱུང་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་བཅུའི་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  ཞིང་ལས་གྲོང་གསེབ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་རྒྱལ་ཡོངས་ཕུལ་བྱུང་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་དང་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ།ཉེ་དུས་ཆེད་ལས་མཁས་པ་རྣམས་ཀྱིས་གདམ་གསེས་བྱས་པའི་ཞིང་ལས་སྐྱེ་དངོས་10དང་སྒོ་ཕྱུགས་དང་ཁྱིམ་བྱ་10  ཆུའི་ཐོན་རྫས་10བཅས་ཀྱི་ཕུལ་བྱུང་ཐོན་ཁུངས་ཁྱབ་བསྒྲགས་བྱས་པ་རེད།   དེའི་ཁྲོད་དུ་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་ཞོག་རྒོད་ཕུལ་བྱུང་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་10ཡི་ནང་དུ་ཚུད་འདུག

        ཁྱབ་བསྒྲགས་ཚོགས་འདུའི་ཐོག་མཚམས་སྦྱོར་བྱས་པ་ལྟར་ན།  ཞིང་ལས་སོན་རྒྱུའི་ཐོན་ཁུངས་ནི་རྒྱལ་ཁབ་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཡིན་ལ།  འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་།  སོན་རྒྱུའི་ཐོན་ཁུངས་ནི་འདེབས་འཛུགས་ལས་རིགས་གསར་གཏོད་ཀྱི་རྨང་གཞི་ཡིན།

        འབའ་ལུང་གི་ཞོག་རྒོད་བྲོ་བ་ཁྱད་པར་ཅན་ཅིག་ལྡན་པ་དང་དམིགས་བསལ་གྱི་འཇམ་མཉེན་རང་བཞིན་ལྡན་ལ།  ཞོག་རྒོད་དེའི་ནང་འཚོ་བཅུད་གཞི་རྒྱུ་མང་པོ་འདུས་ཡོད།   དཔལ་འབྱོར་གྱི་རིན་ཐང་ལ་དབྱེ་ཞིབ་བྱས་ན་འབའ་ལུང་གི་ཞོག་རྒོད་དེའི་ཐོན་རྫས་དང་ཁྲོམ་རའི་རིན་གོང་། གསོན་ཤུགས་ཀྱི་གྲུབ་ཆ་དབྱེ་ཞིབ།  སྨན་སྤྱོད་རིན་ཐང་བཅས་ལ་མངོན་གསལ་གྱི་ལེགས་ཆ་ལྡན།

ཞོག་རྒོད་ལས་བཟོས་པའི་ཟས་རིགས་སྣ་ཚོགས།