རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-02   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
རྒྱུ་ལྷག་གམ་རྒྱུ་མ་དྲང་སྲོང་ལ་ནད་རྟགས་གང་དག་ཡོད།
རྒྱུ་ལྷག་ན་བའི་སྐབས་སུ་ཐོག་མར་ལྟེ་བའི་མཚམས་སུ་ཟུག་གཟེར་ཡོད་པ་དང་། དེ་ནས་རིམ་བཞིན་ན་ཟུག་དེ་གཡས་ལོགས་སུ་སྤོར་ནས་གསུས་པའི་གཡས་སྟོད་ཀྱི་མདུན་རྒྱབ་སོགས་ན་སྲིད་ཅིང་། དེ་དང་མཉམ་དུ་ཟ་མའི་ཡི་ག་མེད་པ་དང་། སྐྱུག་ལོག་པ་དང་། སྐྱུག་པ། བཤང་བ་འགག་པ། ཡང་ན། ཁོག་བཤལ་བ། འོག་རླུང་མི་གཏོང་མི་ཐུབ་པ། ཚ་བ་ཅུང་ཟད་རྒྱས་པ་དང་། གསུས་ཁོག་སྦོས་པ། ཟས་མི་འཇུ་བ་སོགས་ཀྱི་ནད་རྟགས་ཡོད་པར་བཤད།
སྤྱིར་ལོ་ལོན་ལ་རྒྱུ་ལྷག་བྱུང་བའི་ཚད་དེ་ཧ་ཅང་མཐོན་པོ་མིན་རུང་། ནམ་རྒྱུན་ལོ་ལོན་ཚོའི་རྒྱུ་ལྷག་ལ་སྙིང་ནད་དང་། གློ་ནད། མཁལ་ནད་དང་མཆིན་ནད། ནང་ཟགས་མ་ལག་སོགས་ཀྱི་ནད་ཀྱང་བསྡོངས་ཡོད་པའི་ཉེན་ཁ་ཡོད་པས། རྒྱུ་ལྷག་བྱུང་ཚེ་རིམས་ཁེགས་ནུས་པ་ཇེ་ཞན་དུ་འགྱུར་སྲིད་པས། རྒྱུ་ལྷག་གི་རྐྱེན་གྱིས་ཚེ་སྲོག་འཆོར་ཚད་དེ་ན་གཞོན་དང་བསྡུར་ན་ལྡབ8ཀྱིས་མཐོན་པོ་ཡོད་ཟེར།
རྒྱུ་ལྷག་ཅེས་པའམ་རྒྱུ་མ་དྲང་སྲོང་ཞེས་པ་ནི་ལོང་ག་དང་རྒྱུ་མ་གཉིས་ཀྱི་འབྲེལ་མཚམས་དང་ཐག་ཉེ་བའི་གནས་ཤིག་ཏུ་ཡོད་ལ། ཕོ་ཁ་དང་རྒྱུ་མ་ཡིས་ཟས་མའི་འཚོ་བཅུད་ཀྱི་རིགས་དག་དངོས་ལུགས་རིག་པའི་ཚུལ་གྱིས་བསྡུ་ལེན་བྱེད་བཞིན་ཡོད་ན། ལོང་ག་གསུམ་གྱིས་ནི་སྲིན་བུའི་ཚོགས་ཀྱི་སྐྱེ་ཁམས་སྙོམ་སྒྲིག་བྱ་བའི་ཞོར་ནས་འོ་སྐྱུར་དང་། སྐྱུར་རྫས་ཁ་པ། དབྱང་གཉིས་ཐན་རྫས། བན་རྫས་ཀ་པ་སོགས་རྫས་འགྱུར་རིག་པའི་དབྱེ་འབྱེད་དང་དྭངས་སྙིགས་འབྱེད་པ་དང་། ལུས་ཁམས་ཀྱི་སྐྱུར་བུལ་ཚད་སྙོམ་བཞིན་ཡོད་པ་འདྲ།
དེ་བས། རྒྱུ་མ་དྲང་སྲོང་ལ་གཉན་ཚད་བརྒྱབས་པ་ཡིན། དེའི་གཉན་ཚད་དང་ནད་སྲིན་དག་རྒྱུ་ལྷག་གི་མདོ་སྣེ་ནས་ལོང་ག་དང་། དེ་ནས་རྒྱུ་མའི་སྡོད་རྩའི་ནང་དུ་ཕྱིན་ཞིང་། མཐར་མཆིན་སྒོའི་སྡོད་རྩའི་ནང་སོང་ནས་ནད་གཞི་ཚབས་ཆེན་བསྐྱེད་སྲིད་པས། ནད་རྟགས་ཙམ་དཔག་ནས་བཟོད་བསྲན་བྱ་མི་འདུག་པར། སྔ་ཙམ་ནས་སྨན་པའི་དྲུང་དུ་ཕྱིན་ཅིང་བརྟག་བཤེར་ནན་མོ་བྱ་བ་གལ་ཆེ་བར་སེམས་སོ། །
རྒྱུ་ལྷག་གམ་རྒྱུ་མ་དྲང་སྲོང་གི་ནད་ཡོད་མིན་ཇི་ལྟར་བརྟག
སྨན་པའི་སོར་མོས་ནད་པའི་གཞོགས་གཡས་པའི་གསུས་སྟོད་དུ་གནོན་ཙམ་བྱས་ནས་གློ་བུར་དུ་ཕྱིར་ལྡང་གི་བཅུག་ནས་ཟུག་གཟེར་ཡོད་མེད་བརྟག་པ་དང་། སྨན་པའི་སོར་མོ་ནད་པའི་ཤ་ཐོག་ཏུ་རེག་སྐབས་རང་བྱུང་ལུས་སྲུང་ནུས་པའི་འཁོར་སྐྱོད་ཀྱིས་ཤ་རྒོད་སྡོམ་སྡོམ་བྱེད་པའི་འགྱུར་བ་ཡོད་མེད་བརྟག་པ་དང་། ཁྲག་གི་རྒྱུན་བཤེར་ལས་ཁྲག་རིལ་དཀར་པོ་ཇེ་མང་དུ་སོང་ཞིང་གཉན་ཚད་རྒྱས་པའི་གནས་ཚུལ་བྱུང་ཡོད་མིན་བརྟག་པ་དང་།གཞན་བརྟོལ་མཐོང་དང་ཟེར་མཐོང་། རྡུལ་སྡུད་ལྷན་འགུལ་སོགས་གཟུགས་དབྱིབས་རིག་པའི་བརྟག་ཐབས་བརྒྱུད་ནས་བརྟག་བཤེར་བྱ་ཆོག་ཅིང་།གཞན་དམིགས་བསལ་གྱི་གནས་ཚུལ་འོག་ཏུ། བུད་མེད་རྒྱུ་ལྷག་ཅན་ཁག་ཅིག་ལ་གསུས་ཤེལ་བརྒྱུད་ནས་བརྟག་བཅོས་མ་བྱས་ན། རྒྱུ་ལྷག་གི་གཉན་ཁ་མཆེད་ནས་བསམ་སེའུ་དང་ཁམས་འདྲེན་སྦུ་གུ་ལའང་སྐྱོན་ཤོར་ཡོད་པའི་ཉེན་ཁ་ཡོད་པར་བཤད་འདུག