མཚོ་བོད་མཐོ་སྒང་གི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-02   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་11ཚེས་29ཉིན། ཡུལ་སྐོར་བས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གནས་པའི་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ་རེད། ཉིན་དེར་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དེ་ལོ་གཅིག་དང་ལོ་ཕྱེད་ཀར་རིམ་སྤོར་སྒྱུར་བཀོད་བྱས་རྗེས་སྒོ་ཕྱེ་བ་དང་འབྲེལ“1+3”གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གཉེར་བ་དང་ཉར་ཚགས་དངོས་རྫས་160ཐོག་མར་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་དེ་ནི་མཚོ་སྔོན་གྱི་ལོ་རྒྱུས་རིག་དངོས་གཙོ་བོ་ཡིན་པ་དང་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་། གནའ་རྫས་རྟོག་ཞིབ་གྲུབ་འབྲས། ལོ་བརྒྱའི་གསར་བརྗེའི་རིག་དངོས་བཅས་རམ་འདེགས་སུ་བྱས་ནས་ཕྱོགས་མང་པོའི་ཐད་ནས་ས་ཁོངས་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་རིག་གནས་མངོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིམ་སྤོར་བྱས་རྗེས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དུ་རིག་དངོས་1331འགྲེམས་སྟོན་བྱས་པ་དེའི་ནང་རིམ་པ་དང་པོའི་རིག་དངོས་191དང་། རྩ་ཆེའི་རིག་དངོས་248(ཆ་ཚང)འགྲེམས་སྟོན་བྱས་ཡོད། རིག་དངོས་འགྲེམས་ཚད་ནི་མཚོ་བོད་ས་མཐོའི་ཆེ་ཤོས་ཡིན་པ་རེད།