ཞོག་ཁོག་ཐོན་འབབ་ཡག་པས་དམངས་ཀྱི་གདོང་ལ་འཛུམ་གྱིས་ཁེངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་དགོན་ཁྲ་གྲོང་མི་ཚོགས་ཆུང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྭངས་གཙང་ལྷད་མེད་སྐྱེ་དངོས་འདེབས་འཛུགས་ཚད་ཡོད་ཀུང་སིའི་ཞོག་ཁོག་རྟེན་གཞི་རུ་བརྔ་བསྡུ་འཕྲུལ་ཆས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ།གྲོང་མི་30ལྷག་ཙམ་གྱིས་ཞོག་ཁོག་བསྡུ་བ་དང་། སྣོད་ནང་སྒྲུག་བཞིན་པ་སོགས་བྲེལ་བྲེལ་འཚུབ་འཚུབ་ཀྱི་རྣམ་པ་ཞིག་གང་སར་ཁྱབ་འདུག

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྭངས་གཙང་ལྷད་མེད་སྐྱེ་དངོས་འདེབས་འཛུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགོ་བ་ཁྲེན་ཅན་ཧྭ་ཡིས་ཞིང་ས་འདིར་མུའུ་100ལྷག་ཙམ་ཡོད།འདས་ཟིན་པའི་ལོ་ཁ་ཤས་ནང་ས་མཐོའི་ལི་གྲོ་འདེབས་ཀྱི་ཡོད།འདེབས་འཛུགས་ཀྱི་དུས་ཡུན་རིང་པས་ཐོན་འབབ་ཉུང་དུ་ཕྱིན་པ་དང་་སྤུས་ཚད་ཞན་དུ་ཕྱིན་ཡོད།དེར་བརྟེན་ད་ལོ་ང་ཚོས་དགོན་ཁྲ་གྲོང་ཚོས་རེས་མོས་བྱས་ནས་ཞོག་ཁོག་བཏབ་པ་ཡིན།ཐོན་འབབ་ཧ་ཅང་མཐོ་པོ་ཡོད་པས་སྔོན་དཔག་གི་ཚད་ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས་པ་དང་།ཁོང་གིས་གོམ་སྟབས་རྗེས་མར། ང་ཚོས་གསར་སྤེལ་དང་གསར་གཏོད་སྔར་ལས་ལྷག་པར་བྱས་ཏེ། རང་ཁུལ་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས། ས་མཐོའི་རི་ཁུལ་གྱི་ས་བབ་ལས་བྱུང་བའི་ཐོན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་པ་དང་། ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྩ་དོན་གཞིར་བཟུང་སྡེ་ཚན་ཁག་གིས་མཁོ་འདོན་བྱས་པའི་སྤུས་ལེགས་ཐོན་ཁུངས་སྟངས་འཛིན་ཡག་པོ་བྱས་ཏེ། རིམ་པ་མང་བ་དང་ཐབས་ལམ་མང་བའི་སྒོ་ནས་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། བྲིན་ཚོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཐོན་རྫས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བའི་ལམ་བུ་གསར་པ་ཞིག་གཏོད་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྭངས་གཙང་ལྷད་མེད་སྐྱེ་དངོས་འདེབས་འཛུགས་ཚད་ཡོད་ཀུང་སིས་མཉམ་འབྲེལ་གྲོང་ཚོར་བོགས་མར་གཏོང་ལེན་གྱི་རྣམ་པའི་ཐོག་ནས་གྲོང་ཚོ་ཧྲིལ་པོར་ཡུག་འབྲེལ་བསྡུ་སྒྲིལ་བྱས་ཏེ་ས་མཐོའི་ལི་གྲོ་དང་།ཞོག་ཁོག  བཟའ་བྱའི་ཤ་མོ།  ཀྲུང་ལུགས་སྨན་རྫས་སོགས་རེས་མོས་འདེབས་འཛུགས་བྱས་ཡོད། ལོ་ལྟར་ས་གནས་དེ་གའི་མང་ཚོགས་ལ་སྒོར་ཁྲི་70ཙམ་གྱི་ངལ་ལས་གྲོན་དངུལ་སྤྲད་པ་དེས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྟབས་བདེ་བསྐྲུན་པ་དང་དུས་མཚུངས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།