རྔ་བ་ནས་གནའ་བོའི་རྡོ་རྩིག་གི་རྗེས་ཤུལ་ཞིག་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-01   རྩོམ་ཁུངས།    མི་དམངས་དྲ་བ།


    མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་ལས་བྱེད་པས་རྔ་བ་ཁུལ་ལི་རྫོང་ཐའོ་ཕིང་གྲོང་རྡལ་ཐའོ་ཕིང་གྲོང་ཚོ་ཞེ་ཞི་ཀུའོ་ཚོ་ཆུང་དུ་རིག་དངོས་ས་འོག་ཏུ་སྦས་ས་ཞིག་རྙེད་པ་རེད། ཐོག་མའི་གནའ་རྫས་རྟོག་ཞིབ་དང་གཙང་སེལ་རགས་ཙམ་བྱས་པར་བརྒྱུད། རྗེས་ཤུལ་དེ་ནི་ཧན་ཅིན་དུས་སྐབས་ཀྱི་རྡོ་རྩིག་ཆུང་གྲས་ཤིག་གི་རྗེས་ཤུལ་ཡིན་པ་ངོས་བཟུང་ཡོད། ལས་སྒྲུབ་མི་སྣས་རིག་དངོས་སྦས་ས་དེ་ལ་མུ་གྲུབ་བང་སོའི་རྗེས་ཤུལ་ཞེས་མིང་བཏགས་པ་རེད།