ཝང་ཉིང་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་11པའི་ཚེས་30ཉིན།    ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་ཞིང་།  ཝང་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་།ཝང་ཡུས་པོ་དང་ཧྲི་ཡུས་ཀང་(མིའོ་རིགས)ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་།ཧྥེང་ཀྲི་ལི་དང་། ལིའུ་ཧུང་ཅན།ལི་ཀང་།དབྱང་ཡ་ལིན།ཆིའུ་ཅང་།(ཀེ་ལའོ་རིགས།)ཚུའེ་མའོ་ཧུའུ།ལིའུ་ཧྥེ།ལི་ཧྲི་སུང་།(པའེ་རིགས།)ཙེང་ཡན(བུད་མེད།)བཅས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལ་བདམས་ཐོན་བྱུང་བ་རེད།ཀྲུང་གུང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧྥེང་ཀྲི་ལི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་།ཅང་ཅན་ཧུའེ་དང་།ཝང་ཡུས།ཀྲོའུ་ཧང་།ཧྥང་ཀྲི་མིང་(བུད་མེད།)བཅས་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་པ་རེད།