བོད་ཀྱི་སྨན་རྩ་གྲགས་ཆེན་ཏེ་རི་ཤོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-30   རྩོམ་ཁུངས།    བོད་ཀྱི་གསོ་རིག་འཕྲིན་སྟེགས།

རི་ཤོ།

      རོ་ནུས།    མངར་ཁ།    ཞུ་རྗེས་བསིལ།     ནུས་པས་མ་ཞུ་བའི་ནད་དང་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཀུན་གྱེན་དུ་འདྲེན་པ་སྟེ་སྐྱུགས་པར་བྱེད།རླུང་ལ་ཕན།    ལོ་མས་རྨ་འདྲུབ་རིམས་ནད་རྙིང་པ་དང་དུག་ནད་སེལ།ཆུ་སེར་སྐེམ།

      འདྲ་དཔེ།འཁྲུངས་དཔེར།ལོ་མ་ཆེ་ལསྡོང་པོ་སྤུན།    མེ་ཏོག་སེར་པོས་བར་སྣང་ཁེངས།    འབྲས་བུ་པདྨའི་ས་བོན་འདྲ།   རོ་ནི་མངར་ལ་ཁ་བ་ཡིན།རང་གི་ནུས་པས་བད་མཁྲིས་སྐྱུགས།   ཞུ་རྗེས་བསིལ་དུ་འཇུ་བ་ཡིན།    རྨ་འདྲུབ་རིམས་རྙིང་འབྱང་དཀའ་སེལ།  ཞེས་གསུངས།

      སྐྱེ་གནས་དང་ལས་སྣོན།   མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད་༣༧༠༠ནས་༤༧༠༠བར་གྱི་རི་ཐང་མཚམས་དང་སྤང་དང་ཤིང་ཕྲན་གྱི་གསེབ་སོགས་གར་སར་སྐྱེ་ཞིང་གྲངས་འབོར་ཧ་ཅང་མང་།   སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ།ཟླ་༥དང་༦པའི་བར་ལོ་མ་ཐོག་མར་ས་ངོས་ནས་མངོན་ཙམ་གྱི་སྐབས་སུ་བསྐོས་ནས་ས་དྲེག་གཙང་མ་བཀྲུས་ནས་སྐམ་ཚགས་བྱ།  ཁ་འབུས་ཀྱི་ལོ་མ་སྔོ་ཆོལ་བྱས་པ་ལའང་གྱེན་འདྲེན་གྱི་ནུས་པ་ཡོད།