2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་ཉིན་1ལ་འཁེལ་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-30   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

  
  སྤྱི་ཟླ་12ཚེས་5ཉིན་ནི་ཀྲུང་གོའི་ལོ་གསར་སྔ་ཤོས་ཏེ་ཀོང་པོའི་ལོ་གསར་ཡིན་པ་དང་། དེ་རྗེས་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་། སོ་ནམ་ལོ་གསར། བོད་ཀྱི་ལོ་གསར་བཅས་རིམ་བཞིན་སླེབས་ཀྱི་ཡོད།

གྲོང་མི་མི་ཉུང་བ་ཞིག་གིས་2022ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་མིན་ནམ་ཡང་ན་ཧེ་བག་ཟླ་བ་གཅིག་ཡོད་མེད་སྐོར་ལ་སྐད་ཆ་འདྲི་བཞིན་ཡོད། དེའི་ཐད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བདེ་སྐྱིད་ལ་བཅར་འདྲི་ཞུས།

ཁྲི་ལོའི་ལོ་ཐོར་བལྟས་པ་བརྒྱུད། 2022ལོའི་ཟླ་2ཚེས་1ཉིན་ལ་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཁེལ་གྱི་ཡོད། བོད་ཀྱི་ལོ་ཐོར་བལྟས་པ་བརྒྱུད། བདེ་སྐྱིད་ཀྱིས་2022ལོའི་ཟླ་3ཚེས་3ཉིན་ནི་བོད་ཆུ་སྟག་ལོའི་ལོ་གསར་ཚེས་གཅིག་ཡིན་པས། 2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་ཧེ་བག་ཟླ་གཅིག(ཉིན་30)ཡོད་ཅེས་ངོ་སྤྲོད་བྱས།
ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་ཉིན་གྲངས་ཆོད་ཚུལ་ལ་རིགས་གསུམ་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་གནམ་རིག་སྐར་རྩིས་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་གྱི་ཧེ་བག་ཐད་སྤྱིར་ན་གནས་ཚུལ་རིགས་གསུམ་ཡོད་པ་སྟེ། རིགས་དང་པོ་ནི་ཉིན་གཅིག་ལ་འཁེལ་བ་དང་། རིགས་གཉིས་པ་ནི་ཧེ་བག་ཟླ་གཅིག་ཤོར་བ། རིགས་གསུམ་པ་ནི་ཧེ་བག་ཉིན་གཅིག་ཤོར་ཡོད།

གནས་ཚུལ་རིགས་གསུམ་པོ་འདི་དག་རེས་མོས་ངང་ཐོན་པ་ཞིག་མིན་པར་དེ་ཡང་ལོ་གཉིས་བསྟུད་མར་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་སྲིད། འོ་ན་རྒྱུ་རྐྱེན་གང་ཞིག་ལས་གནས་ཚུལ་རིགས་གསུམ་པོ་འདི་དག་ཐོན་གྱི་ཡོད་དམ་ཞེ་ན། བདེ་སྐྱིད་ཀྱིས་དང་ཐོག་ལུགས་རྙིང་ལོ་ཐོ་དང་བོད་ཀྱི་ལོ་ཐོའི་ཟླ་བཤོལ་ལོ་གཅིག་ལ་འཁེལ་སྐབས། ཉིན་གཅིག་ལ་འཁེལ་བའམ་ཡང་ན་ཧེ་བག་ཉིན་གཅིག་ཤོར་བའི་གནས་ཚུལ་ཐོན་སྲིད། གལ་ཏེ་ལུགས་རྙིང་ལོ་ཐོ་དང་བོད་ཀྱི་ལོ་ཐོའི་ཟླ་བཤོལ་ལོ་བརྒལ་དུས་ཚོད་གཅིག་ལ་མ་འཁེལ་ཚེ་ཧེ་བག་ཟླ་གཅིག་ཤོར་བའི་གནས་ཚུལ་ཐོན་སྲིད་ཅེས་ངོ་སྤྲོད་བྱས། “བོད་ཀྱི་ལོ་ཐོ་བརྩི་སྟངས་ལྟར་ན། ལོ་གཉིས་ཟླ་བརྒྱད་དང་ཉིན་བཅོ་ལྔ་རེར་ཟླ་བཤོལ་ཐེངས་གཅིག་ཐོན་སྲིད”ཅེས་བདེ་སྐྱིད་ཀྱིས་འགྲེལ་བཤད་བརྒྱབ་པ་རེད། །