ལོ་གྲངས་དང་ཁྲག་ཤེད། ཁྱེད་ལ་དགོས་ངེས་ཀྱི་བདེ་ཐང་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-29   རྩོམ་ཁུངས།    བོད་ཀྱི་གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

    ཁྲག་ཤེད་མཐོ་པོ་ནི་རང་གཞན་ཀུན་གྱིས་རྒྱུས་མངའ་ཧ་ཅང་ཆེ་བའི་བལྟོས་བཅས་དབང་གིས་ནད་བབ་དལ་ཞིང་ནད་ཡུན་རིང་བའི་ནད་རིགས་ཤིག་ཡིན་གཤིས། འཇིག་རྟེན་སྐྱེ་བོ་རྣམས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ་དང་བསྟུན་ནས་ནད་ཕོག་ཚད་ཀྱང་ཇེ་མང་དུ་འགྲོ་མུས་ཡིན་པས་རང་རེའི་ལུས་ཁམས་བདེ་ཐང་ཐད་ཆེས་ཆེའི་བག་ལ་ཞ་བའི་འཇིགས་ཉེན་ཞིག་ཏུ་གྱུར་ཡོད།

    འོ་ན།  ད་ལྟའི་ཆར་ཁྱེད་ཀྱི་ཁྲག་ཤེད་རྒྱུན་ལྡན་ཡིན་ནམ་ཞེ་ན།   གཤམ་གསལ་རེའུ་མིག་གི་ཆ་འཕྲིན་གཞིར་བཟུང་སྐུ་ཉིད་ནས་བརྡར་ཤ་གཅོད་དང་།
རེའུ་མིག་དང་པོ།

གསལ་འདེབས།   དངུལ་ཆུ་སྡོང་པོའི་ཁྲག་ཤེད་དཔྱད་ཆས་བཀོལ་སྤྱོད་ཀྱིས་ཚད་ལེན་བགྱིས་ཚེ་ཅུང་ཟད་གནད་འཁེལ་ཡོང་ཐུབ།

ལོ་གྲངས་དང་ཁྲག་ཤེད་བལྟ་བསྡུར་གྱི་རེའུ་མིག

རེའུ་མིག་གཉིས་པ།

 ཁྲག་ཤེད་མཐོ་པོ་ནི་འགོག་བཅོས་བྱ་ཐབས་ཡོད་པ་ཞིག་ཡིན།
    ཁྲག་ཤེད་མཐོ་པོ་ནི་མངོན་གསལ་དོད་པའི་འཚོ་གཞེས་ཐབས་ལམ་ལས་གྱུར་པའི་ནད་རིགས་ཤིག་ཡིན་ཞིང་།   ཁྲག་ཤེད་མཐོ་པོའི་བྱུར་སྣ་འདྲེན་པའི་ཉེན་ཁའི་འབྱུང་རྒྱུ་ཡི་ཁོངས་སུ་བཟའ་བཏུང་ལ་ཚྭ་འདེབས་རྒྱུ་མང་དྲགས་པ་དང་།   ལུས་ཚོ་ཆེས་པ།   ཆང་རག་ཚད་བརྒལ་འཐུང་བ།   ལུས་ཀྱི་རྩོལ་བཅག་ཉུང་དྲགས་པ། དུ་བ་རྔུབ་འཐེན་བྱེད་པ་དང་རྒྱུན་རིང་རིག་པ་གཅུན་སྡོམ་བྱེད་དྲགས་པ་སོགས་ཚུད་ཡོད།   གལ་ཏེ་གནད་དོན་དེ་རིགས་ལ་ཐེ་བཅོས་མ་བྱས་ཚེ།   གཞི་རྐང་བདེ་ཐང་ཡིན་པའི་སྐྱེ་བོ་དག་ཀྱང་ནད་གཞི་ཕོག་སྐྱེན་པའི་མི་ཚོགས་སུ་གྱུར་ཏེ།   རིམ་བཞིན་ཁྲག་ཤེད་མཐོ་པོའི་ནད་ཅན་དང་།  སྙིང་དང་ཁྲག་རྩའི་ནད་ཅན་དུ་འཕེལ་འགྱུར་འགྲོ་ཞིང་།   བཅོས་འབྲས་ཀྱང་ཇེ་ཞན་དུ་འགྲོ་བ་ཡིན།
   ཁྲག་ཤེད་མཐོ་པོའི་སྔོན་འགོག།
    ༡ རྩོལ་བཅག་གམ་ལུས་སྦྱོང་བྱ་རྒྱུར་རྒྱུན་འཁྱོངས་བྱེད་དགོས།   ལུས་ཁམས་བདེ་ཐང་ལ་ཉེ་བར་མཁོ་བའི་འོས་ཤིང་རན་པའི་ལུས་པོའི་ཤེད་ནུས་སྦྱོང་བའི་བྱེད་སྒོར་ཞུགས་རྒྱུ་མཐའ་འཁྱོངས་བགྱིས་ཚེ།   ཁྲག་ཤེད་མཐོ་པོ་སྔོན་འགོག་དང་ཚོད་འཛིན་ཐུབ་པ་སྟེ།  དཔེར་ན།  སྤྱི་གླིང་སྒྱུ་སྩལ་གྱི་བྱེད་སྒོར་ཞུགས་པ་དང་།  རང་གར་འགྲོ་བསྐྱོད་བྱེད་པ།   ཁྱིམ་ལས་སྒྲུབ་པ།  ཐའེ་ཇིའི་དྲག་རྩལ་རྩེ་བ།  ཆུ་རྐྱལ་རྒྱག་པ་ལ་སོགས་པ་ལྟ་བུའོ།།
    ༢ བཟའ་ཚྭ་བསྟེན་རྒྱུ་ཚད་བཀག་བྱེད་དགོས།   བཟའ་ཚྭ་མང་པོ་བཏབ་པའི་ཟས་རིགས་ཀྱིས་ནི་ཁྲག་ཤེད་མཐོ་པོའི་ནད་གཞི་ཕོག་པའི་ཉེན་ཁ་སྣོན་འཕར་བྱེད་པ་ཡིན་པས་སྐྱེས་བུ་དར་མ་ཞིག་གི་ཉིན་རེར་བཟའ་ཚྭ་བསྟེན་ཚད་མང་ཉུང་ནི་ཁེ་༦གམ་དེ་ལས་ཉུང་བར་ཚད་བཀག་བྱེད་དགོས།
    ༣  སྔོ་ཚོད་དང་ཤིང་ཏོག་མང་ཙམ་བསྟེན་དགོས།
    ༤  མགྱོགས་ཟས་རིགས་ཉུང་བསྟེན་བྱ་དགོས་ཤིང་།   མཆོག་རབ་ནི་རང་ཁྱིམ་དུ་ལྟོ་ཆས་བཟའ་དགོས་པ་དང་།   དེས་ནི་ཚིལ་རིགས་དང་།   བཟའ་ཚྭ།   མངར་ཆའི་རིགས་ཚོད་འཛིན་བྱེད་པར་ཕན་སླེབས་ཆེ་བ་ཡིན།
    ༥ ཆང་རག་འཐུང་རྒྱུར་ཚད་བཀག་བྱེད་དགོས་པ་སྟེ།   རྩད་ནས་མི་འཐུང་བའམ་ཉུང་ངུ་ལས་འཐུང་མི་རུང་།
    ༦ དུ་བ་རྔུབ་འཐེན་བྱ་རྒྱུ་རྦད་དེ་མཚམས་འཇོག་བྱ་དགོས།   དུ་བ་རྔུབ་འཐེན་བྱེད་པ་ནི་བདེ་ཐང་ལ་གནོད་འཚེ་འབའ་ཞིག་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་མ་མཆིས་པས་ཇི་ཙམ་གྱིས་སྔ་བར་སྤངས་ན་དེ་ཙམ་གྱིས་ཕན་དགེ་ཆེ་མོད།
    ཁྲག་ཤེད་མཐོ་པོའི་བཅོས་ཚུལ།
    ༡  ཁྲག་ཤེད་མཐོ་པོའི་ནད་ཅན་ཕལ་མོ་ཆེ་དག་ལ་ནི་ཁྲག་ཤེད་དམད་པའམ་གཅོག་པའི་གཉེན་པོ་བསྟེན་ཏེ་རྒྱུན་རིང་ཚད་ལྡན་ཅན་གྱི་གསོ་བཅོས་བྱེད་དགོས།
    ༢  ཁྲག་ཤེད་དམད་པའི་གསོ་ཐབས་ཀྱི་དམིགས་ཚད།   སྤྱིར་བཏང་ངམ་ཚད་རིམ་དམའ་བའི་ཁྲག་ཤེད་མཐོ་པོའི་ནད་ཅན་དག་གི་ཁྲག་ཤེད་༡༤༠ ༩༠mmHgབར་དམད་དགོས་པ་དང་།   དགུང་གྲངས་༦༥སོན་པའམ་དེ་ཡན་གྱི་རྒན་རྒོན་ཁྲག་ཤེད་མཐོ་པོ་དག་གི་ཁྲག་ཤེད་༡༥༠ ༩༠mmHgབར་དམད་དགོས་པ།  གཞོན་ནུའམ་ཡང་ན་གཅིན་སྙི་ཟ་ཁུའི་ནད་ཅན།   ཀླད་པའི་ཁྲག་རྩའི་ནད་རིགས།  སྙིང་ནད་ཁྲག་གཟེར།   མཁལ་ནད་རྙིང་གཅོང་གི་རིགས་དག་ནི་ནད་པའི་ལུས་སྟོབས་དང་ཟོ་མདོག་ལ་གཞིགས་ཏེ་ཁྲག་གི་ཤེད་༡༣༠ ༨༠mmHgབར་དུ་དམད་ཐབས་བྱ་དགོས།   རྒན་རྒོན་འགའ་རེ་དང་སྙིང་གཟེར་ནད་ཅན་གྱི་སྙིང་གི་བུ་ག་གདངས་འབྱེད་སྐབས་ཀྱི་ཁྲག་ཤེད་༦༠mmHgམན་དམད་དུ་མི་རུང་ངོ་།
    ༣  སྒྲུབ་བྱེད་ཁུངས་བཙན་མི་མངའ་བའི་སྤྱི་བསྒྲགས་ཐར་ཐོར་དང་ཚན་རིག་དང་མི་མཐུན་པའི་བརྒྱུད་བསྒྲགས་ལ་རྨོངས་དད་བྱ་མི་རུང་ཞིང་།   བདེ་སྲུང་ཐོན་རྫས་དང་།  བདེ་སྲུང་དངོས་ཁམས་ཀྱི་གསོ་ཐབས།  ཟས་རིགས་ཀྱི་བཅོས་ཐབས་བཅས་ཀྱིས་ཁྲག་ཤེད་དམད་པའམ་གཅོག་པའི་སྨན་ཚབ་བྱེད་མི་རུང་ངོ་།
    ༤  ཁྲག་ཤེད་ཚོད་འཛིན་ཡག་པོ་བགྱིས་ཏེ་སྙིང་ཀླད་ཁྲག་རྩའི་ནད་རིགས་ཕོག་ཚད་དང་དེའི་རྐྱེན་དབང་ལས་གྱུར་པའི་འཆི་རྐྱེན་གྱི་ཉེན་ཚབས་ཉུང་འཕྲི་བྱ་དགོས།