མཚོ་སྔོན་ཡུལ་ཤུལ་རྫ་ཆུའི་ངོགས་སུ་ཆུ་སྲམ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-29   རྩོམ་ཁུངས།    མི་དམངས་དྲ་བ།

        མི་དམངས་དྲ་བའི་འཕྲིན། ཉེ་ཆར་པར་ལེན་ལ་དགའ་མོས་ཡོད་མཁན་གྱིས་མཚོ་སྔོན་ཡུལ་ཤུལ་རྫ་ཆུའི་ངོགས་སུ་རི་སྐྱེས་སྲོག་ཆགས་ཆུ་སྲམ་གྱི་པར་བླངས་ཡོད། པར་རིས་ཁྲོད་རི་སྐྱེས་སྲོག་ཆགས་ཆུ་སྲམ་གྱིས་རྩེད་འཇོ་རོལ་བཞིན་ཡོད་ལ་ཧ་ཅང་སྙིང་རྗེ་བོ་འདུག
     ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དང་སྐྱེ་ཁམས་མ་ལག་སྐྱོན་བྲལ་གྱི་མཛུབ་སྟོན་དངོས་རིགས་གལ་ཆེན་ཞིག་རེད། ད་ཐེངས་གཙང་གསུམ་ཆུ་འགོའི་ཁུལ་དུ་མངོན་པ་དེའི་ཐོག་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་པ་གསལ་བཤད་ཐུབ་ཡོད། 
     ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་སྲུང་སྐྱོང་བྱེད་ཆེད།    མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཚོགས་པ་དང་མི་སྒེར་གང་རུང་གིས་གཙང་གསུམ་ཆུ་འགོར་ཕྱི་ནས་ཁྱེར་ཡོང་བའི་ཉ་རིགས་སྲོག་ཐར་གཏོང་བ་དང་། ཡང་ན་ཁྲིམས་འགལ་གྱིས་རྔོན་རྒྱག་པ་གཏན་འགོག་བྱས་ཏེ། སྐྱེ་ཁམས་སྲིད་ཇུས་ནན་ཤོས་བཏོན་ཆུ་གཟུགས་དྭངས་གསལ་ཡོང་བ་བྱས་ཡོད།