བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་གྲོས་བསྡུར་འཁྲུག་པོར་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་27ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཁུན་མིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་ཐད་གཏོང་དང་དྲ་རྒྱའི་ཐད་གཏོང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་ཚོགས་ཆེན་གྱི་གནས་ཚུལ་ལ་དུས་གཅིག་ཏུ་ཉན་པ་དང་། བློ་མཐུན་ཝང་ཉིང་གིས་གནང་བའི་སྙན་ཞུར་དམིགས་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། 

    ཟླ་11པའི་ཚེས་27ཉིན་གྱི་ཞོགས་པ་སྔ་མོ་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྡོ་མཁར་རྫོང་ཅིན་ལུང་སྡེ་ཁུལ་དུ་ལོ་78ལ་སླེབས་པའི་བགྲེས་སོང་ཀྲུའུ་ཧེ་ཡི་ནང་མི་ཚང་མས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་སེམས་འགུལ་ཆེན་པོའི་ངང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འགོ་ཚུགས་ཚོགས་འདུ་འཚོག་རྒྱུ་སྒུག་ནས་བསྡད་ཡོད།ཅིན་ལུང་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་སྟེ་བགྲེས་སོང་ཀྲུའུ་ཧོ་ཡི་ཁྱིམ་མི་ནི་བོད་རིགས་དང་།འཇང་རིགས།རྒྱ་རིགས་བཅས་མི་རིགས་གསུམ་ལས་གྲུབ་པ་དང་ཁྱོན་ཁོངས་མི་14ཡོད་པ་རེད།ནང་མི་ཚང་མས་འཚོ་བའི་ཐད་ཕན་ཚུན་ཁོང་ཡངས་དང་།ཕན་ཚུན་བརྩི་འཇོག འཆམ་མཐུན་བཅས་བྱེད་ཀྱི་ཡོད། 
    བློ་མཐུན་ཝང་ཉིང་གིས་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚབ་ཞུས་ནས་གནང་བའི་སྙན་ཞུ་ཉན་རྗེས་བགྲེས་སོང་ཀྲུའུ་ཧེ་ཡིས་འདས་ཟིན་པའི་ལོ་ལྔའི་ནང་ཡུན་ནན་ཞིང་ཆེན་ལ་ཐོབ་པའི་གྲུབ་འབྲས་ལ་ང་སྤོབས་པ་སྐྱེ་གི་འདུག་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། འདི་དག་ཚང་མ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ངས་ང་ཚོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ་དང་ཡུན་ནན་ཞིང་ཆེན་འཕེལ་རྒྱས་དེ་བས་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད།ང་ཚོ་ཁྱིམ་མི་ཚང་མས་ཁུལ་ཡོངས་དང་།ཞིང་ཆེན་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་བཅས་དང་མཉམ་དུ་འབད་བརྩོན་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད། 

    ཟླ11པའི་ཚེས་27ཉིན་གྱི་སྔ་དྲོར།ཡང་ཐང་གྲོང་རྡལ་གྱི་མཉམ་འབྲེལ་གྲོང་ཚོ་རྟ་ར་གནས་སྤོས་གྲོང་གསར་དུ་ཏང་ཡོན་20ལྷག་ཙམ་གྱིས་བརྙན་འཕྲིན་འཕྲུལ་ཆས་འགྲམ་དུ་བསྡད་དེ་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས་པ་རེད། ལོ་འདི་དག་གི་རིང་ལ། ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཐོན་ལས་དར་རྒྱས་དང་།སྣོད་བཅུད་ལེགས་པ། ཁོར་སྡོད་འཚོ་ཡུལ་འཚམ་པ། ཡུལ་སྲོལ་ཡ་རབས།མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཡོད་པ་མ་ཟད།དུད་ཚང་ཚང་མའི་སྒོ་འགྲམ་དུ་ཁོད་སྙོམས་པའི་ཨར་འདམ་གྱི་ལམ་བུ་ཤར་གཏོང་ཐུབ་པ་དང་། ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ཡོད་པ།གྲོང་ཚོར་ལམ་སྒྲོན་དང་།ཉི་ནུས།ཚད་མེད་དྲ་བ་སོགས་སྒྲིལ་སྦྱོར་བྱས་པས།མི་དམངས་ཀྱི་འཚོ་བ་སྔར་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པ་རེད། དེ་རིང་སྙན་ཞུ་ཉན་རྗེས་སེམས་ནང་དེ་བས་དགའ་པོ་བྱུང་ལ་ང་ཚོའི་འབྱུང་འགྱུར་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད། ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་དངོས་ཀྱི་ཐད་གཏོང་བལྟས་རྗེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱ་མཚོ་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་སྟོབས་སྒུལ་ཤུགས་སུ་བྱས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་།ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།རྒྱ་ཆེའི་མང་ཚོགས་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཡུལ་སྲོལ་ཡ་རབས་དང་ཤེས་དཔལ་ལྡན་པའི་གྲོང་ཚོ་ཞིག་དངོས་འབྲེལ་བསྐྲུན་ནས། ཚོགས་ཆུང་དེ་སྔར་བས་ཞི་མཐུན་དང་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས”ཞེས་བཤད་པ་རེད། 

    ཉིན་འདིའི་སྔ་དྲོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྙན་ཞུ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་གྲོས་བསྡུར་སྒྲིག་འཛུགས་བྱས་པ་རེད། བློ་མཐུན་ཝང་ཉིང་གིས་གནང་བའི་སྙན་སྒྲོན་གྱི་ནང་དོན་ཞིབ་ཕྲ་དང་།དམིགས་ཚད་གསལ་པོ་ཡིན་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པ་དང་། འབྱུང་འགྱུར་འཕེལ་རྒྱས་ཆེད་བརྗིད་ཆེའི་འཆར་གཞི་བཀོད་པ་དེས་མི་སེམས་ལ་སྐུལ་མ་ཐེབས་སུ་བཅུག་པ་རེད་ཅེས་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། སླད་ཕྱིན་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་།སེམས་ཁམས་སྔར་བས་སྒོ་དབྱེ།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད།

    འབའ་ལུང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་ཐོག་ནས་ཐད་གཏོང་ལ་ལྟ་བ་དང་གཅིག་སྡུད་ཐོག་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་གནས་ཚུལ་ལ་བལྟས་པ་དང་།  བློ་མཐུན་ཝང་ཉིང་གིས་གནང་བའི་སྙན་ཞུར་ནན་ཏན་ངང་ཉན་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཚོགས་ཆེན་འཚོགས་པ་དེས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་།གྲ་སྒྲིག་གི་སེམས་ཤུགས་ཆེ་རུ་ཕྱིན་པ།འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

    འཇོལ་རྫོང་དུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་གྱི་གསོལ་སྟོན་མོ་ལ་ལྟ་ཉན་བྱས་པ་རེད། ཐད་གཏོང་ལ་བལྟས་རྗེས།ལོ་70ལ་སླེབས་པའི་བགྲེས་སོང་ཀྲང་ཧྲི་ཞིན་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོང་གིས“ཉེ་བའི་ལོ་ཤས་རིང་ང་ཚོས་སྨན་པར་བསྟེན་པ་དང་། རྒན་རྒོན་གྱི་འཚོ་བ་སོགས་ཐད་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པ་མ་ཟད།སྡེ་ཁུལ་དུའང་མཐུན་སྒྲིལ་ཞི་མཐུན་སྔར་བས་ཆེ་རུ་ཕྱིན་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་བདེ་སྐྱིད་སྟོན་གྲངས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ང་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།