དག་ཞིང་མདོ་ལ་རི་བོའི་མཛེས་སྡུག་ལྟ་བས་མི་ངོམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-25   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁུལ)གི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི4000ནས5000ཡོད། དེ་རུ་འཁྱགས་རི་ཁྱབ་ཅིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕུན་སུམ་ཚོགས་པ་ཡོད་པས། དེ་ནི་མཚོ་བོད་མཐོ་སྒང་བྱང་རྒྱུད་ཀྱི་སྲ་གཟུགས་ཆུ་མཛོད་ཡིན་པ་མ་ཟད། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་ཀྱི་ཞིང་ཁམས་ཀྱང་ཡིན། 

        མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁུལ)དུ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ1དང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང1། རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང1ཡོད། དེའི་ཁྲོད་མདོ་ལ་རི་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ཀྱི་གཞི་ཁྱོན་སྤྱི་ཆིང་ཁྲི36.55ཡོད་པ་དང་། བར་ཆོད་ས་ཁུལ་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི17.51ཡོད། ཚོད་ལྟ་ཁུལ་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི26.17ཡོད། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གཞི་ཁྱོན་སྤྱི་ཆིང་ཁྲི19.98ཡོད་ལ། བ་ལྡིང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་གཞི་ཁྱོན་སྤྱི་ཆིང་ཁྲི6.43ཡོད།

    ཉེ་བའི་ལོ་འགའི་རིང་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་མུ་མཐུད་དུ་སྐྱེ་ཁམས་བྱེད་ནུས་ཇེ་མཐོར་བཏང་སྟེ། དམངས་ཡོངས་མཉམ་སྤྱོད་དང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། མཐོ་གྲང་དཔེ་མཚོན་རི་ཁུལ་གྱི་སྐྱེ་ཁམས་མ་ལག་དང་ཆུ་ཁུངས་གསོ་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་ཆ་ཚང་བྱས་ཏེ། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱས་པ་བརྒྱུད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་མངོན་པར་མཚོན་ཡོད།  །