འཇོལ་གྱིས་འཛམ་གླིང་གི་ཡུལ་སྐོར་གནས་ཡུལ་རྩེ་གྲར་གཏོད་པར་བརྩོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་སྔར་བས་ཆེ་རུ་གཏོང་ཆེད།འཇོལ་རྫོང་གི་ཁ་བ་དཀར་པོའི་སྤུས་རྟགས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་འཛམ་གླིང་ཐོག་ཡུལ་སྐོར་བྱ་ཡུལ་རྩེ་གྲའི་གྲས་ཤིག་བསྐྲུན་རྒྱུ་རེད།

    ཉེ་སྔོན།འཇོལ་རྫོང་ཨུས་རྫོང་གི་ཚན་པ་བཞིའི་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་འཇོལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ་རེད། བརྟག་ཞིབ་ཚོ་ཆུང་གིས་སྔ་རྗེས་སུ་དགོན་པ་སྟེང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་ཚུལ་དང་།ཤར་སྟེང་གྲོང་སྡེའི་ཡུལ་སྐོར་ཕུག་ལམ་དང་འབྲེང་ཟམ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ཚུལ།  དབུ་ནུབ་སྟེང་ནས་ཁ་བ་དཀར་པོ་གཟིགས་པའི་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་གནས་ཚུལ།པད་མ་རི་བོའི་ལ་ཁ4292་ལམ་བུ་རྙིང་པའི་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་བྱ་ཚུལ་བཅས་ལ་ཡུལ་དངོས་ནས་བརྟག་ཞིབ་བྱས་པ་རེད། 

    བརྟག་ཞིབ་ལས་དོན་སྤེལ་རིང་རྫོང་ཨུས་འབྲེལ་ཡོད་སྡེ་ཚན་ལ་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གཞི་གྲངས་མཐིལ་རྟོགས་བྱས་ནས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱིས་བསྐྱེད་ཐུབ་པའི་ཐོན་ལས་ཀྱི་ལེགས་ཆ་ཁོང་དུ་ཆུད་པ་བྱས་ནས་གསར་གཏོད་འཚོལ་ཞིབ་ཧུར་ཐག་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཇུས་འགོད་ཡག་པོ་བྱས་ཏེ་བསམ་བློར་བརྟེན་ནས་འཕེལ་རྒྱས་ཀྱི་འགག་སྒྲོལ་སྣེ་ཁྲིད་བྱེད་དགོས་པ་དང་།

    དུས་མཚུངས་སུ་རྫོང་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་གཅིག་གྱུར་གྱིས་འཆར་འགོད་དང་།ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་བ།རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་དང་གསར་འབྱེད་བྱེད་རྒྱུ་མགྱོགས་སུ་གཏོང་བ།རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་རྒྱ་ཆེར་གཏོང་བ།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།རིག་གནས་ཡུལ་སྐོར་དང་སྣོད་བཅུད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་གསལ་འདོན་བྱེད་པ།རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ།རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་རྒྱ་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།