བདེ་ཆེན་གྱིས་ཏན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇཊ་སྲུང་ཡོལ་བརྟན་དུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་འགའི་རིང་།  རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་གོ་སྐབས་སུ་བྱས་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་པ། ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་པ།  མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱས་པ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱུང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ།  སྣོད་བཅུད་ཁོར་ཡུག་ལེགས་པོ་དེ་ཁུལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་དུ་གྱུར་ཡོད།

       ནུས་ཤུགས་ཡོད་རྒུས་གནམ་སྔོན་པོ་དང་ཆུ་དྭངས་པོ།  ས་གཙང་མ་བཅས་གསུམ་གྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱབ་པ་དང་།  ཕྱོགས་ཡོངས་ནས་གཙང་(མཚེའུ)དཔོན་ལམ་ལུགས་ཁྱབ་སྤེལ་བཏང་བ། ནགས་དཔོན་ལམ་ལུགས་ཀྱི་ལས་ཀ་སྤེལ་འགོ་ཚུགས་པ།  ཤུགས་ཆེན་གྱིས་དུད་ཚང་དུ་དྲོ་སྐྱིད་སྦྱིན་པའི་ལས་གཞི་དང་སྡོང་བཙུགས་ནགས་བཟོའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་བདེ་ཆེན་གྱི་རི་ཆུ་ཀླུང་གསུམ་དང་རྩྭ་དང་རྩི་ཤིང་རེ་རེ་བཞིན་ཡག་པོ་བསྲུངས་པ།  ཧུར་ཐག་སྒོས་མཐོ་སྒང་སྣོད་བཅུད་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལས་ཀར་སྐུལ་འདེད་གཏོང་བ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འདི་ཉིད་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་མཛེས་སྡུག་རྫོང་ཁུལ་ཞེས་པའི་མིང་བཏགས་པ།  འབའ་ལུང་རྫོང་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་ཞེས་པའི་མིང་བཏགས་པ།  པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་དང་འཇོལ་རྫོང་རྫོང་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས།  ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་།  འོ་མ་མཚོ་ཡུག་ཁུལ་འཛུགས་སྐྲུན་སོགས་རྣམ་གྲངས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།  ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་77.63%ཟིན་པ་དང་།  མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་100%རྒྱུན་འཁྱོངས་བྱས་པ།  སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་བློ་ཡིད་ཚིམ་ཚད་94.3%ཟིན་པས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

       རི་སྔོན་ཆུ་དྭངས་སྲུང་པ་དང་ནི་གསེར་རི་དངུལ་རི་སྲུང་པ་དང་འདྲ་ཞེས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་དང་སྣོད་བཅུད་དམར་ཐིག་དབྱེ་འབྱེད་གཏན་འབེབས་བྱས་པ།  རྒྱུན་མཐུད་དུ་ཞིང་དོར་ནགས་གསོ་སོགས་གཙོ་གནད་སྣོད་བཅུད་ལས་གཞི་སལ་སྐུལ་འདེད་གཏོང་བ།  ཁྲིམས་ལྟར་ཁུལ་ཡོངས་རྒྱལ་དབང་ནགས་ཚལ་དང་མཉམ་སྡེབ་སྤྱི་ཕན་ནགས་ཚལ་ལ་ལོ་ཧྲིལ་པོར་ཕན་ནུས་ལྡན་པའི་དོ་དམ་སྲུང་སྐྱོང་བྱས་པ།  འབྲེལ་ཡོད་བསམ་འཆར་དང་བྱེད་ཐབས་བཏོན་ཏེ་འགན་འཁྲི་དོན་འཁྱོལ་བྱས་པ་དང་རི་སྐོར་ནགས་སྲུང་དང་ནགས་ཚལ་(རྩྭ་ཐང་)མེ་ཟོན་ལས་ཀ་སྤེལ་བ།

       གོམ་སྟབས་རྗེས་མར།  བདེ་ཆེན་ཁུལ་གྱིས་2025ལོར་ནགས་ཚལ་ཁེབས་ཚད་77.66%ཡན་ཟིན་པའི་དམིགས་འབེན་མངོན་འགྱུར་བྱུང་ཆེད་འབད་རྒྱུ་དང་མུ་མཐུད་དུ་ཏན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་རྒྱུ།