བདེ་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་འཛམ་གླིང་གི“རྟགས་ཅན་གསུམ”དང་།ལྗང་མདོག་ནུས་རྒྱུའི་རྟེན་གཞི་གལ་ཆེན་འཛུགས་པ།འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གནས་མཆོག་གཏོད་པ་བཅས་དམིགས་ཚད་དུ་བྱས་ནས། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་།ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་གཏོང་བ།རིག་གནས་ཡུལ་སྐོར་ཐོན་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པ་དང་བདེ་ཆེན་གསར་པ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་ཆེད་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་ཡོད།

    རང་བྱུང་གི་བཟང་ཆར་བརྟེན་ནས་སྤུས་ཚད་ལ་གཞི་བྱས་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་པ། མིག་སྔར་ཁུལ་ཡོངས་སུ་ས་མཐོའི་རགས་ཁུལ་དུ་ཁྱད་ལྡན་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་བྱེད་པ་དང་བཟའ་བྱའི་ཤ་མོ་དང་ནས་འདེབས་འཛུགས་གཙོ་བོར་བྱེད་པའི་ལེགས་ཆའི་ཐོན་ལས་ཁུལ་ཆགས་པ་དང་། རི་ཁུལ་དུ་ཀྲུང་ལུགས་ཀྱི་སྨན་རྒྱུ་དང་ཤིང་རིགས་ཀྱི་སྣུམ་རྒྱུ་གཙོ་བོར་འདེབས་པའི་ལེགས་ཆའི་ཐོན་ལས་ཁུལ། རོང་ཁུལ་དུ་རྒུན་འབྲུམ་དང་སྔོ་ཚལ་འདེབས་འཛུགས་གཙོ་བོར་བྱེད་པའི་ལེགས་ཆའི་ཐོན་ལས་ཁུལ་དང་ས་མཐོའི་ཁྱད་ལྡན་ཞིང་ལས་དེ་ལེགས་ཆའི་ས་ཁོངས་སུ་རིམ་བཞིན་གཅིག་སྡུད་བྱུང་ཡོད།

    མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་ལྗང་མདོག་ནུས་རྒྱུ་གཙོ་རྐང་དུ་བྱས་པ། ཕྱོགས་གཅིག་ནས་ལི་ཡོན་གློག་འདོན་ས་ཚིགས་དང་།ཝུའུ་ནུང་ལུང་གློག་འདོན་ས་ཚིགས།ལི་ཏིའི་གློག་འདོན་ས་ཚིགས་སོགས་སྤྱོད་འགོ་ཚུགས་པའི་གློག་འདོན་ས་ཚིགས་ཁག་གཅིག་གཉེར་སྐྱོང་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གཙང་པོ་གཉིས་འབབ་རྒྱུད་ཀྱི་འཛུགས་སྐྲུན་ཆ་རྐྱེན་དང་མཐུན་པའི་གློག་འདོན་ས་ཚིགས་ཀྱི་རྣམ་གྲངས་གསར་པ་ཁག་ཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། གཞན་ཡང་བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།ལས་ཞུགས་ལ་སྐུལ་འདེད།མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་སྔར་བས་སྣང་ཆེན་བྱེད་ཀྱི་ཡོད་པ་རེད།

    ཧུར་ཐག་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ནང་ཞུགས་ནས་བདེ་ཐང་གི་འཚོ་བ་རོལ་ས་འཛུགས་སྐྲུན་བྱས་པ། བདེ་ཆེན་ཁུལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་།གཏིང་ཟབ་པའི་ལོ་རྒྱུས་རིག་གནས།གསར་བརྗེའི་སྲོལ་རྒྱུན་རིག་གནས་བཅས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ནང་བཅུག་ཡོད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མིག་སྔར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་སྣོད་བཅུད་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཛེས་སྡུག་ལྡན་པའི་གྲོང་རྡལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ནུས་ལྡན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བཏང་ཡོད།