སྟོན་མཇུག་དགུན་མགོའི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྟོན་མཇུག་དང་དགུན་མགོའི་དུས་སུ་སླེབས་སྐབས། སེམས་ཀྱི་ཉི་ཟླའི་ས་གནས་སོ་སོར་སྡོང་ལོ་རིམ་བཞིན་ཁ་དོག་བསྒྱུར་བ་དང་། རི་རྩེ་ཁ་བས་ཡོངས་སུ་གཡོགས་པས་ཁ་དོག་རྣམ་པར་བཀྲ་བས་རི་མོ་བ་ཞིག་གི་སྨྱུག་རྩལ་ལས་ཐོན་པའི་བརྩམས་ཆོས་དང་འདྲ་ལ། དུས་འདི་གའི་སེམས་ཀྱི་ཉི་ཟླར་འདུ་འཛི་དེ་འདྲ་ཆེན་པོ་མེད་ཀྱང་ལྷིང་འཇགས་འཆམ་མཐུན་གྱི་རྣམ་པར་ཁེངས་ཡོད་པས་མིའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་ཐུབ།

        དགུན་མགོའི་ནགས་ཕག་མཚོ་ཁར་ད་རུང་སྟོན་ཁའི་མཚར་སྡུག་ལྡན་པ་དང་། ཞོགས་པའི་ཉི་གཞོན་འོག་བསང་དུད་ཀྱིས་འཁྲིགས་པའི་གྲོང་པ་དྭངས་གཙང་གི་ནམ་མཁའ་དང་སྔོ་ཐིང་ཐིང་གི་མཚེའུ་ཡིས་རྒྱན་སྤྲས་འོག་དེ་བས་ལྷིང་འཇགས་དང་འཆམ་མཐུན་དུ་གྱུར་བས་དབེན་པའི་སྐྱེད་ཚལ་དང་གཉིས་སུ་མ་མཆིས། (བློ་བཟང་གཡང་འཛོམས་ཀྱིས་པར་བླངས།)

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རང་སྐམ་ལ་ཁར་ཚོན་དོག་རྣམ་པར་བཀྲ་བའི་ཤིང་ལོ་རི་ཀླུང་ཀུན་ཏུ་ཁྱབ་ཡོད་པ་དང་། རྒྱང་རིང་ནས་ལྟ་ན་སྣུམ་ཚོན་རི་མོ་ཞིག་དང་མཛེས་ཤིང་སྡུག་ལ།  སྐབས་འགར་ར་གཅིག་རེ་གཉིས་རེ་ཡིས་ནགས་ཁྲོད་དུ་བརྒྱུད་བཞིན་ཡོད་པས་ལྷིང་འཇགས་ཀྱི་ཁྲོད་དུ་གསོན་ཤུགས་ཤིག་བསྣན་ཡོད།(ཧོང་ཞའོ་ལི་ཡིས་པར་བླངས།)