2022ལོའི་སྟག་ལོའི་གསེར་དངུལ་གྱི་དྲན་རྟེན་དངུལ་ལོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-19   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་སྔོན། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། མི་དམངས་དངུལ་ཁང་གིས་2021ལོའི་ཟླ་11ཚེས་18ཉིན་2022ལོའི་ཀྲུང་གོའི་ཆུ་སྟག་ལོའི་གསེར་དངུལ་གྱི་དྲན་གསོའི་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་འདུག གསེར་དངུལ་གྱི་དྲན་གསོའི་དངུལ་ལོར་ནི་ཁྱོན་13ཡོད་པའི་ནང་གསེར་གྱི་དྲན་རྟེན་དངུལ་ལོར8དང་དངུལ་གྱི་དྲན་རྟེན་དངུལ་ལོར་5འདུག ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དངུལ་ལོར་ཡིན་པ་རེད།