བདེ་ཆེན་གྱི་གྲོང་རྡལ་3ལ་ཚན་སྤེལ་གྲོང་རྡལ་ཆུང་ངུའི་ངོས་ལེན་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

       ཉེ་ཆར། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་།   འཇོལ་རྫོང་ཧྲིང་ཕིང་གྲོང་རྡལ། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་བཅས་ལ་ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་གྱི་གྲོང་རྡལ་ཆུང་ངུའི་ངོས་འཛིན་གཏན་འཁེལ་བྱས་པ་རེད།

     ཚན་རྩལ་ཁྱབ་གདལ་གྱི་གྲོང་རྡལ་ཆུང་ངུའི་རྣམ་གྲངས་ཀྱིས་ཞིང་པ་གསར་པ་གསོ་སྐྱོང་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བཟུང་ནས་དངོས་སྤྱོད་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་།   ཞབས་ཞུའི་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།  ཚན་རྩལ་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་བཅས་འགོ་ཚུགས་སར་བྱས་ཡོད་ཅིང་།གཙོ་བོ་ཐོན་ལས་མཐུན་ཚོགས་ཤིག་འཛུགས་རྒྱུར་རྒྱབ་སྐྱོར་དང་། ཚན་རྩལ་ཁང་ཆུང་ངུ་ཞིག་འཛུགས་པ།ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཚན་རྩལ་ཁྱབ་གདལ་Eས་ཚིགས་ཤིག་འཛུགས་པ། ཚན་རྩལ་ཁྱབ་གདལ་གྱི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ།རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་ཤིག་འཛུགས་པ། ཚན་རྩལ་ཁྱབ་གདལ་གྱི་དཔེ་སྟོན་སློབ་གྲྭ་གསར་པ་ཞིག་འཛུགས་པ།ཞིང་པ་གསར་པ་ཁག་གཅིག་གསོ་སྦྱོང་བྱེད་པ།  ཁྱད་ལྡན་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་ཁག་9སྒྲུབ་པ་བཅས་ཚུད་ཡོད་པ་རེད།  རྣམ་གྲངས་དེས་གྲོང་ཁྱེར་དང་གྲོང་རྡལ་འབྲིང་ཆུང་གི་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་ལྷུ་ཚིགས་ཞན་སར་སྔར་བས་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྱི་ཚན་རྩལ་གྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།