ནགས་ཀླུང་གི་བྱིའུ་མཆིལ་བ་ཁྲི་ལྷག་ནགས་ཕག་མཚོ་རུ་འཛོམས་པ།

རྩོམ་པ་པོ།   སུང་ཞུའོ་པའོ།  ཡིག་བསྒྱུར།       དུས་ཚོད།   2021-11-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཉེ་ཆར།  ཡུན་ནན་སེམས་ཀྱི་ཉི་ཟླ་ནགས་ཕག་མཚོའི་འདམ་རའི་ནང་དུ་ནགས་ཀླུང་གི་བྱིའུ་མཆིལ་བ་ཁྲི་ལྷག་འཕུར་ཡོང་སྟེ་གནས་དེར་ངལ་གསོ་བའམ་འཕུར་ལྡིང་གི་གར་དུ་རྩེན་པ་སོགས་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་པའི་རྣམ་པ་ཞིག་གྲུབ་ཡོད་ཅིང་།    རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཐོན་པའི་བྱ་རིགས་ཞིབ་འཇུག་མི་སྣ་དང་པར་རྒྱག་རྒྱུར་དགའ་བའི་མི་སྣ་ཡང་ལྟད་མོ་བལྟ་བར་ཕེབས་ཡོད། 

      ནགས་ཀླུང་གི་བྱིའུ་མཆིལ་བ་འདི་དག་པར་དུ་བསྐྱོན་མཁན་སུང་ཞུའེ་པའོ་ཡིས་བཤད་ན།   འདིར་ནགས་ཕག་མཚོའི་འདམ་རའི་ནང་དུ་འཕུར་ཡོང་བའི་ནགས་ཀླུང་གི་བྱིའུ་མཆིལ་བ་ཁྲི་ལྔ་ལྷག་ཡོད་པ་དང་།   ཁོ་བོས་ན་ནིང་གི་ཟླ11པའི་ཚེས11ཉིན་བྱ་གཟིགས་བྱེད་དུས་ཤེས་རྟོགས་བྱུང་བ་ཡིན།    ཉིན་འགའི་རིང་གི་ཞིབ་ལྟ་དང་ཚོད་རྩིས་བྱས་པ་ན་གྲངས་འབོར་ངེས་ཅན་ཞིག་ཡོད་པ་ཤེས་ཟེར། 

     ནགས་ཀླུང་གི་བྱིའུ་མཆིལ་བ་ནི་ཁུག་རྟ་དང་མཆིལ་བའི་ཚན་ཁག་གི་བྱ་རིགས་ཀྱི་ཁོངས་སུ་གཏོགས་ཤིང་།    སྤུ་སྒྲོ་ལ་མདོག་སྐྱ་བའི་གཞུང་རིས་ཡོད་པ་དང་། གཙོ་བོ་ས་བབ་ཅུང་མཐོ་བའི་རི་ལྡེབས་དང་།  རྩྭ་ས།  རི་བོ་མཐོན་པོའི་རྩྭ་ཐང་། ཤིང་སྡོང་ཐར་ཐོར་གྱི་རྡོ་ཕུང་ནང་དུ་འཚོ་གནས་བྱེད་ཀྱི་ཡོད།    རྒྱུན་ལྡན་ཡིན་ན་ས་ཐོག་ཏུ་ལྟོ་འཚོལ་ཞིང་།   རི་མཐོའི་རྩི་ཤིང་སྣ་ཚོགས་ཀྱི་ས་བོན་ཁ་ཟས་སུ་བྱེད་ཀྱི་ཡོད།    ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་འདབ་ཆགས་རིགས་ཀྱི་ཚོ་ཆུང་གི་ལས་རོགས་ཞིབ་འཇུག་པ་ཝུའུ་ཧོ་ཆི་ཡིས་ནགས་ཀླུང་གི་བྱིའུ་མཆིལ་བ་ནི་ཁེར་རྐྱང་ངམ་ཡང་ན་ཁྱུ་བྱས་ནས་འཕུར་བསྐྱོད་བྱེད་པར་དགའ།    དགུན་གྱི་དུས་སུ་གྲངས་ཀ་བཅུ་ནས་བརྒྱ་ཕྲག་དུ་མའི་ཁྱུ་ཆུང་མཐོང་ཐེངས་མང་ཞིང་གྲངས་འབོར་ཁྲི་ཡན་གྱི་སྣང་ཚུལ་མཐོང་རྒྱུ་ཤིན་ཏུ་དཀོན་ཟེར།    ཆེད་ལས་མཁས་པས་དབྱེ་ཞིབ་བྱས་པར་གཞིགས་ན།   ད་ཐེངས་ཀྱི་གཞི་ཁྱོན་ཆེ་བའི་ཁྱུ་ཚོགས་ནི་ས་གནས་དེ་གའི་གནམ་གཤིས་ཀྱི་རྒྱུ་རྐྱེན་ལས་གཞན་ནགས་ཕག་མཚོའི་འདམ་རའི་ནང་ནས་ཁ་ཟས་ངེས་ཅན་ཞིག་རྙེད་ཡོད་པ་དང་ཡང་འདྲ་ཟེར།