བདེ་ཆེན་དུ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོས་བསྡུར་བྱེད་པའི་ཚ་རླབས་འཕྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་11པའི་ཚེས་8ཉིན་ནས་ཚེས་11ཉིན་བར། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་དུ་འཚོགས་པ་རེད། བདེ་ཆེན་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལག་འཁྱེར་ཁ་པར་དང་། དྲ་རྒྱ། བརྙན་འཕྲིན་བཅས་བརྒྱུད་དེ་ཚོགས་ཆེན་ལ་ལྟ་ཉན་བྱས་ནས་ཚུར་སྣང་གི་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།

    ཁུལ་ཨུའི་གཞུང་ལས་ཁང་གི་ཁྲེན་ལེས་ཀྱིས་ཏང་གིས་ལས་བྱེད་པ་ཞིག་ཡིན་པའི་ངོས་ཐད་ནས་ངས་སྣེ་ཁྲིད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་འཁྱོངས་ལྔའི་བླང་བྱ་རྒྱུན་ཁྱོངས་བྱས་ནས་ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལེན་གཏིང་ཟབ་བྱེད་པ་དང་།   ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཏན་ཏིག་གཏོང་བ།  ཞབས་ཞུ་གསུམ་གྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།    

          ཁུལ་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཁུང་ཝུན་ཅུན་གྱིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས།སླད་ཕྱིན་དུས་སྐབས་ཤིག་རིང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དུས་རབས་གསར་པའི་བདེ་ཆེན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་རྒྱུ་བཅས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་པར་བསྟན།


     རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲོལ་མ་གཡང་འཛོམས་ཀྱིས་ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ནས་དད་སེམས་དང་།ཡིད་ཆེས་བཅས་ཇེ་བརྟན་དུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཐོག་མའི་ཕུགས་བསམ་དང་རང་བཞིན་མཐའ་འཁྱོངས་དང་།འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བདེ་ཆེན་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བཅས་བྱས་ནས་ཚ་ནུས་ལྷག་མ་རྒྱུན་མཐུད་ངང་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།           

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ལི་ཙི་ཁྲེང་གིས་ང་ཚོས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རྒྱ་ཆེའི་ལས་བྱེད་དང་ལས་བཟོ་བར་དངོས་སྒྲུབ་བྱ་རྒྱུའི་ལྕག་སྐུལ་དང་སྐུལ་སློང་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གསར་འབྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།


     འཇོལ་རྫོང་ཡུན་ལིན་ཤང་ཀྲི་ལ་གྲོང་མིའི་ཚོ་ཆུང་གི་གྲོང་མི་བསོད་ནམས་ཀྱིས་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན།འཇོལ་རྫོང་གིས་གཞི་ཁྱོན་ཆེ་བའི་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱས་ནས་མཐོ་གྲང་དང་ཆུ་དཀོན་པ་དང་འཚོ་བའི་ཆ་རྐྱེན་ཞན་པའི་གྲོང་ཚོ་ཁག་གཅིག་སྡོད་རྒྱུར་འཚམ་པའི་གྲོག་རོང་ཁུལ་དུ་གནས་སྤོ་བྱས་པ་དང་།ཀྲི་ལ་གྲོང་མིའི་ཚོ་ཆུང་ཡང་ས་བབ་མཐོ་ཚད་སྨི་4000ཙམ་གྱི་རི་སྟེང་ནས་དྲོ་སྐྱིད་ལྡན་པའི་རྫ་ཆུའི་ངོགས་སུ་སྤོས་པ་དང་ད་ཆ་ད་དུང་སྔོ་ཚལ་རྟེན་གཞི་སྐྲུན་བཞིན་ཡོད་པ་རེད།གུང་ཁྲན་ཏང་གིས་མི་སེར་རྣམས་ལ་འཚོ་བ་ཡག་པོ་སྐྱེལ་དུ་བཅུག་ཡོད་ཅེས་གདོང་ལ་འཛུམ་གྱིས་འཁེངས་བཞིན་བཤད་བྱུང་།