ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་འདི་ལྟ་སྟེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-15   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

  ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་༢༠༢༡ལོའི་ཟླ་༡༡ཚེས་༨ཉིན་ནས་ཚེས་༡༡ཉིན་བར་པེ་ཅིན་དུ་འཚོགས་པ་རེད། ཚེས་༡༡ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་གྲོས་འཆམ་བྱུང་། གཤམ་གྱི་ནང་དོན་སྤྱི་བསྒྲགས་ནས་བཤུས་པ་ཡིན།

     ཏང་དང་མི་དམངས་ཀྱིས་ལོ་བརྒྱར་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་ཆེས་གཟི་འོད་འབར་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

     ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད་ཅིང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་གསལ་པོར་བསྟན་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་སྲ་བརྟན་དུ་བཏང་ཡོད།

      ལོ་ངོ་བརྒྱའི་རིང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་རླབས་པོ་ཆེ་བྱས་ནས། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་འདི་ལྟ་སྟེ།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ། བློ་ཁོག་ཡངས་པོ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་སྲོལ་འབྱེད་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། རང་ཉིད་གསར་བརྗེ་རྒྱུན་འཁྱོངས་བྱེད་པ་བཅས་སོ།

     ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུའི་སེམས་ཐག་བཅད་ཅིང་།  ལོ་བརྒྱ་ནི་ཏག་ཏག་འགག་རྩ་ཆེ་བའི་དུས་སྐབས་ཤིག་རེད། འདས་ཟིན་པའི་ལོ་ངོ་བརྒྱའི་རིང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྒྱུགས་ལན་ཕུལ་དུ་བྱུང་བ་སྤྲད་ཡོད།

     ཏང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་འཛིན་དགོས།

     ཉེན་ཁ་གང་ཞིག་ལའང་མི་སྐྲག་པ་དང་། འགལ་རྐྱེན་གང་གིས་ཀྱང་མགོ་མི་འཐོམ་པ། རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་འབྱུང་།

      ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱས་ན་འཇིག་པར་འགྱུར་བ་འདི་ཡིད་ལ་བརྗེད་མེད་དུ་བཟུང་ཞིང་། ཕུགས་ཡུན་གྱི་ཉམས་ཉེན་རྟག་དྲན་དང་བདེ་སྡོད་ཉེན་བསམ་བྱ་དགོས།

     ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ།  མགོ་མི་བསྒུར་བ་དང་། གཉའ་མི་ཆག་པ་བྱ་ཐུབ་དགོས།

     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་༢༠༢༢ལོའི་ལོ་སྨད་དུ་པེ་ཅིན་ནས་འཚོག་རྒྱུ་རེད།