ཆབ་མདོ་གྲོང་ཁྱེར་གྱིས་གཙང་གསུམ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-11   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གཙང་གསུམ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྲངས་གཞི་ནས་མངོན་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་གཙང་པོ་དང་ཆུ་བོ་དང་མཚོ་གཙོ་བོའི་ཆུ་སྤུས་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད་ཅིང་། དེའི་ནང་འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ་སོགས་གཙང་པོ་དང་ཆུ་བོ་གཙོ་བོའི་ཆུ་སྤུས་དེ《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགསⅢགྱི་ཚད་གཞིར་སླེབས་པ་དང་། རྫ་ཆུ་དང་བཀྲ་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་དུ་རྒྱུག་པའི་ཆུ་བོའི་ཆུ་སྤུས་དེ《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགསⅢགྱི་ཚད་གཞིར་སླེབས་པ། ར་འོག་མཚོ་དང་མདོག་གསུམ་མཚོ་སོགས་གཙོ་གནད་མཚོའི་ཆུ་འགོའི་ཆུ་སྤུས་སྤྱིར་ན《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགསⅡཔའི་ཆུ་ཁོངས་ཚད་གཞིར་སླེབས་པ། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས11གི་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ1414ཡི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་ཚང་མ《ས་འོག་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགསⅡཔའི་ཚད་གཞི་དང《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགསⅢདང་དེ་བཞིན་གོང་གསལ་གྱི་ཚད་གཞིར་སླེབས་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་གཙང་གསུམ་འབབ་རྒྱུད་ཀྱི་སྦགས་བཙོག་ཕྱིར་འབུད་ཉུང་གཏོང་དང་། སྐྱེ་ཁམས་སླར་གསོ། འབབ་རྒྱུད་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྔ་རྗེས་སུ་ཁྱོན་མ་དངུལ་སྒོར་དུང་ཕྱུར1.01བཏང་ནས་ར་འོག་མཚོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཉམས་གསོ་དང་། འབྲི་ཆུའི་འབབ་རྒྱུད་བཅོས་སྐྱོང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་བསིང་ཚོད་ལྟ་སོགས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པས་གཙང་གསུམ་འབབ་རྒྱུད་ཀྱི་ཆུ་སྤུས་ཡག་ཏུ་སོང་ཡོད་པ་རེད།

    20202020ལོའི་ཟླ77པར། ཆབ་མདོ་གྲོང་ཁྱེར་གྱིས《འབྲི་ཆུའི་བོད་ལྗོངས་ཆབ་མདོའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་ནས2020ལོའི་ཟླ7ཚེས10ཉིན་གྱི་ཆུ་ཚོད0ནས2030ལོའི་ཟླ7ཚེས10ཉིན་གྱི་ཆུ་ཚོད0བར། དུས་ཡུན་ལོ10ཡི་ནང་ཆབ་མདོ་གྲོང་ཁྱེར་གྱི་འབྲི་ཆུའི་དུམ་བུ་ཧྲིལ་པོར་ཉ་འཛིན་མི་ཆོག་པའི་གཏན་འབེབས་བྱས་པ་རེད།

    འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཚོང་ཟོག་ནགས་ཤིང་ཕྱོགས་ཡོངས་ནས་གཅོད་མཚམས་བཞག་སྟེ། ནགས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཤིང་གཅོད་མཚམས་འཇོག་པའི་ཁ་གསབ་དང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ཐེབས་རྩ་སོགས་དམངས་ཕན་སྲིད་ཇུས་ཀྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་མུ་མཐུད་ལག་བསྟར་བྱས་པ་བརྒྱུད། དམངས་ཡོངས་ཀྱི་ནགས་གཅེས་ནགས་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། འདུ་འགོད་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་གི་ས་རྒྱུ་གསོ་བ་དང་། ཆུ་འགོ་གསོ་བ། རླུང་ཁམས་ཆེ་མོའི་ཁོར་ཡུག་གཙང་བཟོ། སྐྱེ་དངོས་སྣ་མང་རང་བཞིན་སོགས་སྐྱེ་ཁམས་ཞབས་ཞུའི་ནུས་པ་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། །