བློ་གཅིག་སེམས་གཅིག་གིས་བདེ་ཆེན་གསར་བ་འཛུགས་སྐྲུན་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རིག་གནས་སྣ་མང་འཛོམས་པའི་སེམས་ཀྱི་ཉི་ཟླ་ནས་ཁ་བ་དཀར་པོའི་འདབས་ཀྱི་འཇོལ་རྫོང་བར་དང་། དེ་ནས་གཙང་གསུམ་དབུས་རྒྱུད་ཀྱི་འབའ་ལུང་བར་འགྲོ་ལམ་རེ་རེའི་ཕྱོགས་སོ་སོར་མཐུད་ཡོད་ལ། རི་ངོས་སུ་ཆགས་པའི་མཐོ་དམའ་མི་འདྲ་བའི་སྡོད་ཁང་།  སློབ་གྲྭའི་ནང་སློབ་མ་ཚོའི་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་ཡོད་ལ། གྲོང་ཚོའི་ནང་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་མོ་ལྡན་པ་རེད། 2021ལོའི་ཟླ་དང་པོར་བདེ་ཆེན་ཁུལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་མིང་རྟགས་ཐོབ།

        རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ལ་འབད་བརྩོན་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།

        ཁུལ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་7.41ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་རྫོང་(་གྲོང་ཁྱེར་)་3གྱི་དབུལ་ཞྭ་ཚང་མ་ཕུད་པ་དང་དབུལ་པོའི་གྲོང་ཚོ་147ཚང་མ་བཏོན་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་རྦད་དེ་མེད་པ་བཟོས་པ་རེད།

རྫོང་དང་རྫོང་ཚང་མར་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་གྲོང་ཚོ་ཚང་མར་སྲ་འགྱུར་ལམ་བུ་ཤར་གཏོང་ཐུབ་ནས་མྱུར་བགྲོད་དུས་རབས་དང་5Gདུས་རབས་སུ་སླེབས་ཤིང་། རིག་གནས་ཡུལ་སྐོར་ལས་རིགས་དང་ས་མཐོའི་ཁྱད་ལྡན་གྱི་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ་དང་ལྗང་མདོག་གཏེར་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

    ལོ་14ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པས་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་སྔོན་དཔག་བྱས་ན་ལོ་72.46བར་མཐོ་རུ་ཕྱིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་ལེན་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཚོད་འཛིན་དམིགས་ཚད་ལས་དམའ་བ་ཡོད་པ་རེད།

    ཀྲུང་ཧྭ་མི་རིགས་ཀྱི་མཐུན་མོང་འདུ་ཤེས་བརྟན་པོ་འཛུགས་པ།

        ལོ་ལྔའི་རིང་བདེ་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བཏང་སྟེ་བཅུ་བརྒྱ་སྟོང་གི་དཔེ་སྟོན་གཏོད་པའི་འདུ་འགོད་རེས་སྐོར་གཉིས་ལག་བསྟར་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།ཞི་མཐུན་དགོན་སྡེ་དང་ལྷ་ཁང་གཏོད་པའི་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་"ཚད་གཞི་བཞིའི་"བསམ་བློའི་སློབ་གསོ་སྤེལ་བས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་"མོས་སེམས་ལྔ་"མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བོད་བརྒྱུད་ནང་བསྟན་དང་ཆོས་ལུགས་གཞན་དག་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན།

    མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

        བདེ་ཆེན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་ལ་བརྩིས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་བོད་དང་འབྲེལ་བ་ཡོད་པའི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་།ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་"ངེས་པར་དུ་བྱེད་དགོས་པ་བཅུ་"དེ་བདེ་ཆེན་ལས་དོན་གྱི་རྩ་བའི་གཞི་འཛིན་སར་བརྩིས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།