བསྒྱུར་རྩོམ། ༼ སླར་ཡང་ཁང་ཆའོ་ཟམ་པ་དང་གྱེས་པ། ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


སླར་ཡང་ཁང་ཆའོ་ཟམ་པ་དང་གྱེས་པ།

     ཞུས་ཀྲི་མའོ།     

རྡོ་ལུང་རིན་ཆེན་གྱིས་བསྒྱུར།


ང་འཇམ་ལྷིང་ངེར་ལམ་ལ་ཆས་འགྲོ་བ་ནི།

ང་རང་འདི་ལྟར་འཇམ་ལྷིང་ངེར་སླེབས་ཡོང་བ་ཡིན།

སྐབས་འདིར་ངས་ལག་པ་གཡུག་ཙམ་བྱས་ནས།

ནུབ་ཁའི་མཚམས་སྤྲིན་ལ་གྱེས་ཕྱག་ཕུལ།

གཙང་ངོགས་ཀྱི་གསེར་མདོག་བཀྲ་བའི་རྒྱ་ལྕང་དེ།

མཚམས་སྤྲིན་གྱི་བར་ན་ངོ་མནོང་བའི་བག་གསར་ཞིག་དང་འདྲ་ལ།

རླབས་འོད་ཁྲོད་ཀྱི་མཛེས་རིས་རེ་རེས།

ངའི་སེམས་ཀྱི་གཏིང་རིམ་དུ་རླབས་རིས་འཁྱུག་འཁྱུག་བྱས།

འཇམ་ཞིང་སྙི་བའི་འདམ་སྟེང་ན་ཆགས་པའི་སྔོ་དྲེག་གི་ཚོམ་བུ་དེ་དག་ལས།

རླབས་རིས་འཁྱུག་པའི་བཞུར་ཆུའི་གཞུང་ནས་འདབ་མ་ལྡེམ་ལྡེམ་གྱི་ཕྱག་བརྡ་བཏང་བ་ན།

ང་རང་ཁང་ཆའོ་ཟམ་པའི་ཆུ་གཞུང་འདིར་སྐྱེས་པའི་རྩྭ་ཡི་ཉག་མ་གཅིག་ཡིན་ན་བསམ།

ལྗོན་པའི་གྲིབ་བསིལ་འོག་ན་འཁྱིལ་བའི་ཆུ་རྗིང་དེ།

དྭངས་གཙང་གི་ཆུ་མིག་མིན་པར། 

མཁའ་ན་ཤར་བའི་འཇའ་ཚོན་ཡིན་ལ།

དེ་ནི་འཇའ་ཚོན་ལྟ་བུའི་འདུན་པ་རུམ་པ་ཡིན།

འདི་རྨི་ལམ་ཞིག་ལ་སྙེག་པ་ཡིན་ནམ།

ངས་སྐྱ་ཤིང་རིང་མོ་ཞིག་ཐོགས་ནས།

སྔོ་ལྗང་གི་འདམ་རྩྭ་རྟུག་པོ་དེའི་ཕྱོགས་སུ་དལ་གྱིས་སྐྱོད་པ་ན།

གྲུ་ཆུང་འདི་སྐར་ཕྲན་སྟོང་གིས་བརྒྱན་ལ།

སྐར་འོད་ལམ་ལམ་གྱི་ཁྲོད་ནས་ངས་གླུ་གཞས་ཤིག་དབྱངས་ལ་འགུག་ན་འདོད།

འོན་ཀྱང་ངས་དབྱངས་ལ་འགུག་ག་ལ་རུང་།

རྒྱ་མཚན་ལྷིང་འཇགས་ནི་གྱེས་བྲལ་གྱི་དབྱངས་རྟ་སྙན་མོ་དེ་ཡིན།

དབྱར་གཞུང་གི་འབའ་འབུའི་ཚོགས་ཀྱིས་ཀྱང་དེ་དགོང་ངའི་ཆེད་དུ་ཁུ་སུམ་མེར་ཡོད་དེ།

དོ་ནུབ་ཀྱི་ཁང་ཆའོ་ཟམ་པ་ནི་ཇི་འདྲའི་ལྷིང་འཇགས་ཞིག་རེད་ཨང་།

ང་འཇམ་ལྷིང་ངེར་ལམ་ལ་ཆས་འགྲོ་བ་ནི།

ང་རང་འདི་ལྟར་འཇམ་ལྷིང་ངེར་སླེབས་ཡོང་བ་ཡིན།

ངས་མཚམས་སྤྲིན་གྱི་ཕྱོགས་ལ་གྱོན་པའི་ཕུ་ཐུང་གཡུག་ཙམ་བྱས་ན་ཡང།

མཚམས་སྤྲིན་གྱི་མཛེས་པ་ཏོག་ཙམ་ཡང་ཁྱེར་ག་ལ་ནུས།


        

再别康桥

            徐志摩

        轻轻的我走了,

  正如我轻轻的来;

  我轻轻的招手,

  作别西天的云彩。

  那河畔的金柳,

  是夕阳中的新娘;

  波光里的艳影,

  在我的心头荡漾。

  软泥上的青荇,

  油油的在水底招摇;

  在康河的柔波里,

  甘心做一条水草!

  那榆荫下的一潭,

  不是清泉,是天上虹;

  揉碎在浮藻间,

  沉淀着彩虹似的梦。

  寻梦?撑一支长篙,

  向青草更青处漫溯;

  满载一船星辉,

  在星辉斑斓里放歌。

  但我不能放歌,

  悄悄是别离的笙箫;

  夏虫也为我沉默,

  沉默是今晚的康桥!

  悄悄的我走了,

  正如我悄悄的来;

  我挥一挥衣袖,

  不带走一片云彩。