དཀར་མཛེས་རྫོང་གི་འབྲོག་ཁུལ་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སྙན་ངག་གྱེར་འདོན་བྱ་འགུལ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-09   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

1.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

2.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

3.jpg

པར་འདི་ནི་དགའ་རྟགས་ཐོབ་པའི་སློབ་མ་ཚོ་ཡིན།

    ཉེ་ལམ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་ཐག་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭས“མེས་རྒྱལ་ལ་བརྩེ་བ་དང་མེས་རྒྱལ་ལ་དགའ་བ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙན་ངག་གྱེར་འདོན་འགྲན་བསྡུར་བྱ་འགུལ་སྤེལ།

    “ང་རང་མེས་རྒྱལ་ལ་དགའ། ང་ནི་ཀྲུང་གོའི་མི་ཡིན་པར་ང་རྒྱལ་སྐྱེས……”ཞེས་འགྲན་བསྡུར་ནང་ཞུགས་པའི་སློབ་མ་ཚོས་ཉམས་འགྱུར་ལྡན་པའི་སྒོ་ནས་སྙན་ངག་གྱེར་འདོན་བྱས་ཏེ། རང་ཉིད་མེས་རྒྱལ་དང་སློབ་གྲྭ་ལ་དགའ་བ་མཚོན་པ་མ་ཟད། སྐྱེ་སྟོབས་རབ་ཏུ་འབར་ཞིང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་ཡང་མཚོན་ཡོད།

    ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་བརྒྱུད། སྙན་ངག་རིག་གནས་རྒྱུད་འཛིན་དར་སྤེལ་བཏང་ཞིང་གསེར་བརྗེ་ལོ་རྒྱུས་བསྐྱར་དྲན་བྱས་པས། སློབ་མ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་བྱེད་ཚད་མཐོ་རུ་བཏང་ལ། སློབ་མ་ཚོས་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་གཏིང་ཇེ་ཟབ་ཏུ་སོང་བ་མ་ཟད། ལོ་ཆུང་གདོང་ལེན་རུ་མིས་མེས་རྒྱལ་སྟོབས་འབྱོར་ལྡན་པར་འགྱུར་ཆེད་འབད་བརྩོན་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཀྱང་གསོ་སྐྱོང་བྱས་ཡོད།

    ད་ལོར། དཀར་མཛེས་རྫོང་གི་སློབ་གྲྭ་སོ་སོས་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ལག་བྲིས་ཚགས་པར་དང་ནག་པངས་ཚགས་པར། སྙན་ངག་གྱེར་འདོན་སོགས་ཀྱི་བྱ་འགུལ་རྣམ་པ་མི་འདྲ་བ་བརྒྱུད་མེས་རྒྱལ་ལ་དགའ་ཞེན་ཆེ་བ་ཡོངས་སུ་མཚོན། །