རང་ཁུལ་གྱིས་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་11ཚེས་8ཉིན་གྱི་དགོང་མོ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དར་ཆ་གནང་ནས་ལོ་གསུམ་འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཉམ་འཁྲབ་དང་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཤམ་བྷ་ལ་ཟློས་གར་ཁང་ཆེ་མོར་འཚོགས་པ་རེད། 

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་དང་། ཁུལ་ཨུའི་རྒྱུན་ཨུ་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཡན་ལན། ཁུལ་ཨུའི་རྒྱུན་ཨུ་ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁུང་ཝེ་ཧྭ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཁྲོ་ཐིང་བཅས་མཛད་སྒོར་ཞུགས་པ་མ་ཟད་འཁྲབ་སྟོན་ལ་གཟིགས་པ་རེད།

    ཚོགས་ར་ཡོངས་ཀྱི་ལྟད་མོ་བས་ཐོག་མར་བརྙན་ལ་བལྟས་ཤིང་། ཀྲང་ཁྲོ་ཐིང་གིས་ཤིས་ཚིག་ཕུལ་བ་དང་འབྲེལ་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ཟླ་11པ་ནི་ལོ་གཅིག་དུས་གཅིག་གི་119ཡི་མེ་ཟོན་དྲིལ་བསྒྲགས་ཟླ་བ་ཡིན་པ་དང་འདི་ལོའི་119ཡི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་"མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་དང་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱ་རྒྱུ་"དེ་ཡིན། བྱེད་སྒོ་སྤེལ་རིང་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་"དྲ་ཐོག་+དྲ་འོག་"ལ་དམིགས་ནས་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་སྔོན་འགོག་དྲིལ་བསྒྲགས་བྱ་སྤྱོད་དང་"ཁུལ་ཡོངས་ཀྱི་ཕུལ་བྱུང་མེ་ཟོན་དང་བླངས་པའི་ཚོགས་པ་"དང་"ཕུལ་བྱུང་མེ་ཟོན་དང་བླངས་པ་"དཔྱད་འདེམས་གཟེངས་བསྟོད་སོགས་ཀྱི་བྱེད་སྒོ་སྤེལ་བ། ཁུལ་མེ་ཟོན་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་སྤྱོད་འགོ་ཚུགས་པའི་མཛད་སྒོ་གཉེར་ནས་"མེ་ལྕེ་སྔོན་པོའི་འགན་འཁྲིའི་"ཀྲུང་གོའི་མེ་ཟོན་བརྗོད་བྱ་གཙོ་བོའི་པར་ལེན་འགྲན་བསྡུར་ཆེ་མོའི་ནང་སྤྱི་ཚོགས་ཡོངས་སུ་མེ་ཟོན་བདེ་འཇགས་ལ་དོ་ཁུར་དང་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    རིག་རྩལ་ཁྲབ་སྟོན་གྱིས་གངས་ལྗོངས་མེ་ཟོན་གྱི་སེམས་པ་ཏང་ལ་ཕྱོགས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གླུ་གཞས་དང་ཞབས་བྲོ་གྱེར་འདོན་སོགས་ཀྱི་རྣམ་པའི་ཐོག་ནས་ཁུལ་ཡོངས་ཀྱི་མེ་ཟོན་བཀོད་འཐབ་པས་ཏང་ལ་ལྷག་བསམ་རྣམ་དག་དང་སྒྲིག་སྲོལ་བཙན་པ། འགན་ལེན་ལྷོད་མེད། དམངས་དོན་ཧུར་ལེན་བཅས་ཀྱི་རྣམ་པ་མངོན་པ་རེད།