བོད་ལྗོངས་ལྷོ་ཁར་ཏང་གི་ཐུགས་ཁུར་གྱིས་མི་སེམས་ལ་དྲོད་སྣང་བསྩལ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

W020211102335695840659.png

པར་འདི་ནི་དྲན་རྟེན་དངོས་རྫས་འགྲེམ་གཏོང་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ་རེད།

        ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་དྲན་རྟེན་དངོས་རྫས་འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས། རྒྱ་ཆེའི་ལས་བཟོ་བས་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་ཐོ་འགོད་བྱས་ཏེ་དྲན་རྟེན་དངོས་རྫས་བླངས་ཤིང་། ཚང་མས་གདོང་ལ་འཛུམ་གྱིས་ཁེངས་ནས་ཏང་དང་རྒྱལ་ཁབ་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་དོན་དངོས་སྒྲུབ་ཏེ་བོད་ལྗོངས་དར་རྒྱས་སུ་གཏོང་བ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད། །