དུས་རྒྱུན་དུ་རྒན་རྒོན་གྱི་བཟའ་བཏུང་ལ་དོ་སྣང་འདི་འདྲ་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-05   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        1.ཟས་ཀྱི་བྲོ་བ་ཡག་པོ་དགོས། ལོ་ན་རྒས་དུས་དབང་པོ་ཡང་རིམ་བཞིན་རྒུད་འགྲོ་གི་ཡོད་པས། མིག་གིས་གསལ་པོ་མི་མཐོང་བ་དང་རྣ་བས་ཡག་པོ་གོ་གི་མེད། ལྷག་པར་དུ་ཟས་ཀྱི་བྲོ་བའང་ཡག་པོ་མྱོང་མི་ཐུབ་པ་ཆགས་ཀྱི་ཡོད། དེར་བརྟེན་རྒན་རྒོན་ལ་ཟ་མ་སྣ་ཁ་མང་པོ་དང་བྲོ་བ་ཡག་པོ་སྟེར་དགོས།

        2.འཚོ་བཅུད་ཕུན་སུམ་ཚོགས་པོ་དགོས། ཟ་མ་བཟས་དྲགས་ན་བདེ་ཐང་ལ་གནོད་ཀྱི་ཡོད་ཅིང་། རྒན་རྒོན་གྱི་གཟུགས་པོར་སྤྲི་དཀར་མང་པོ་དགོས་ཀྱི་ཡོད་སྟབས། བྱ་ཤ་དང་། ཉ་ཤ། ལུག་ཤ། ཚགས་ཤ། དེ་བཞིན་སྲན་མའི་ཟས་རིགས་སོགས་མང་ཙམ་སྟེར་དགོས།

        3.ཟ་མ་ཚད་རན་པོ་སྟེར་དགོས། གཞོན་ནུ་ཡིན་ཡང་ཟ་མ་བཟས་དྲགས་ན་བདེ་ཐང་ལ་གནོད་ཀྱི་ཡོད་པས། རྒན་རྒོན་ལ་དེ་བས་སྨོས་མི་དགོས།

        4.སྔོ་ཚལ་མང་ཙམ་སྟེར་དགོས། སྔོ་ཚལ་ནང་འཚོ་བཅུད་Bཕུན་སུམ་ཚོགས་པོ་ཡོད་པས། ཉིན་ལྟར་སྔོ་ཚལ་མང་ཙམ་སྟེར་ན་ཡག་པོ་ཡོད།