བདེ་ཆེན་གྱི་མི་ཚོགས་སྡེ་ཁག་གིས་ལྔ་སྦྱིན་ཞབས་འདེགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ལྔའི་རིང་།བདེ་ཆེན་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་ལྔ་སྦྱིན་ཞེས་པའི་བྱ་ཐབས་སྤྱད་དེ་མུ་མཐུད་ངང་ངལ་རྩོལ་ཚོགས་ཁག་སྣ་རིགས་སོ་སོའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ལས་ཞུགས་ཀྱི་དུས་བབ་སྤྱི་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་རེད།་

        ལས་གནས་སྦྱིན་པ།མིག་སྔའི་བར་དུ།ཁུལ་ཡོངས་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་དྲ་འོག་གདན་ཞུའི་བྱེད་སྒོ་ཐེངས་50སྒྲིག་འཛུགས་བྱས་པ་དང་ལས་གནས་ཁྲི་8ཙམ་མཁོ་འདོན་བྱས་ཡོད་དེ།ལས་ཀ་འཚོལ་མི་ཁྲི་2ཙམ་ཡོད།དྲ་ཐོག་གདན་ཞུའི་བྱེད་སྒོ་དང་འཁྱུགས་དབྱིངས་ལས་སྟེགས་ཐོག་སྲིད་ཇུས་དྲིལ་བསྒྲགས་སོགས་བྱེད་སྒོ་ཐེངས་60སྒྲིག་འཛུགས་བྱས་པ་དང་ལས་གནས་ཁྲི་1.1ལྷག་མཁོ་འདོན་བྱས་ཡོད།

        རྩལ་ནུས་སྦྱིན་པ། ཁུལ་ཡོངས་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་ལས་རིགས་རྩལ་ནུས་གསོ་སྦྱོང་དེ་ལས་ཞུགས་བརྟན་བརླིང་རྒྱུན་འཁྱོངས་བྱས་པ་དང་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་གཏོང་བའི་འགག་རྩའི་བྱ་ཐབས་སུ་བྱས་པ། མིག་སྔར་བར་དུ། ཕྱུགས་བྱ་གསོ་སྤེལ་དང་ཁྱིམ་སྲིད་ཞུབས་ཞུ་སོགས་ལས་རིགས་45ཡི་རྩལ་ནུས་མཐོ་འདེགས་གསོ་སྦྱོང་ཐེངས་467རྩ་འཛུགས་བྱས་པ་དང་མི་21511དང་འབྲེལ་བ་ཡོད།

        དྲོ་སྐྱིད་སྦྱིན་པ། ཁུལ་ཡོངས་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་རང་འགུལ་ངང་ཤར་ཕྱོགས་ཞིང་ཆེན་དང་སྦྲེལ་མཐུད་བྱས་ཏེ་མུ་མཐུད་དུ་གྲོང་གསེབ་ངལ་རྩོལ་ནུས་ཤུགས་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ་དང་།  རང་ཁུལ་གྱི་ཞིང་ཆེན་ཕྱིའི་ལས་གཉེར་མི་སྣ་དག་གི་ལས་ཀ་དང་འཚོ་བའི་ཁོར་ཡུག་སོགས་ལ་འཚམས་འདྲི་བྱས་པ་རེད།

        ཞབས་ཞུ་སྦྱིན་པ། ཁུལ་ཡོངས་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་ཞིང་ཆེན་ཕྱིའི་ངལ་རྩོལ་ནུས་ཤུགས་ཁྲོམ་རའི་ཁྱད་ཆོས་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་ཚད་ཤིང་དུ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ངལ་ལས་རོགས་ལས་སྦྲེལ་མཐུད་ལས་སྟེགས་བཙུགས་པ། མིག་སྔའི་བར་དུ། ཁུལ་ཡོངས་ལ་གྲོང་གསེབ་ངལ་རྩོལ་ནུས་ཤུགས་7200ཞིང་ཆེན་ཕྱིར་ལས་ཞུགས་སྤོ་སྒྱུར་བྱས་པ་དང་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་2200ཞིང་ཆེན་ཕྱིར་ལས་ཞུགས་སྤོ་སྒྱུར་མངོན་གྱུར་བྱུང་བ་རེད།

        ཕུགས་འདུན་སྦྱིན་པ། ཁུལ་ཡོངས་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་མང་སྤྱོད་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་།མིག་སྔའི་བར་དུ།ཁུལ་ཡོངས་ཀྱི་ལས་གཏོད་མི་སྣ་524ལ་རོགས་སྐྱོར་བྱས་པ་དང་། དངུལ་བུན་ཁྲི་9838བཏང་བ་དང་ལས་ཞུགས་མི་སྣ་1057ལ་སྐུལ་ཁྲིད་བྱས་ཡོད་པ་རེད།