བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་།  བདེ་ཆེན་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བར་དམིགས་ཏེ་རྒྱུན་མི་ཆད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་རྒྱུར་རྣམ་པ་ཡག་པོ་བསྐྲུན་ཡོད་པ་དང་སྟོབས་ཤུགས་ཆེན་པོ་བསྡུས་ཡོད།

        ད་ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད། མི་རིགས་སོ་སོའི་མང་ཚོགས་མི་ཐེངས་ཁྲི་35.4ཙམ་གྱིས་སྨྱན་སྦྱོར་གྱི་ཐད་གཏོང་ཁང་དུ་ཡུལ་དངོས་ཐད་གཏོང་བལྟས་ཡོད་པ་དང་། མི་ཐེངས་ཁྲི་1.83ཙམ་གྱིས་དྲ་ཐོག་གི་ཤེས་བྱའི་འགྲན་རྩོད་བྱེད་སྒོར་ཞུགས་ཡོད།  ཁུལ་ཡོངས་ཀྱི་ད་ཡོད་ཕྱི་རོལ་LEDའཆར་ངོས་དང་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སོགས་བརྒྱུད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སྦྱར་ཡིག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་བྱ་གཙོ་བོའི་MV  དྲིལ་བསྒྲགས་བརྙན་ཐུང་སོགས་གཏོང་བ་དང་།  ཁུལ་ཡོངས་ཀྱི་སྒུལ་བདེའི་སྤྱོད་མཁན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་འཕྲིན་ཐུང་ཁྲི་50ཙམ་གཏོང་བ་རེད།

        དེ་མ་ཟད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་དང་བདེ་ཆེན་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།  སེམས་ཀྱི་ཉི་ཟླའི་དྲ་བ། སེམས་ཀྱི་ཉི་ཟླAPP  སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་སྦྱོར་སྟེགས་བུའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་ཆེད་སྒྲིག་ལེ་ཚན་དང་ཆེད་དོན་འཕྲིན་སྤེལ་སོགས་གཏོད་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་ཁག་དང་།  ཁུལ་ཡོངས་ཀྱིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གནས་ཚུལ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་སོགས་ལ་དྲིལ་བསྒྲགས་འཕྲིན་སྤེལ་བྱས་ཏེ་ཁྱོན་དྲིལ་བསྒྲགས་འཕྲིན་སྤེལ་དང་ཆེད་དོན་ལེ་ཚན་140ལྷག་བཏང་བ་དང་ཕྱོགས་ཡོངས་ནས་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་གསར་པ་དང་གཏམ་རྒྱུད་ཡག་པོ་ལ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་བདེ་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་དག་གིས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད།  མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་གསར་པ་གང་ལེགས་མངོན་ཡོད་པ་རེད།