ཀྲུང་ལུཊ་སྨན་རྫས་ཀྱིས་བདེ་ཆེན་མང་ཚོགས་ལ་ཡོང་འབབ་འཕར་རོགས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      2019ལོ་ནས་2021ལོའི་བར་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་《ཡུན་ཏང་ཀུའེ་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ལག་རྩལ་སྒྲིག་སྲོལ་》《ཆིན་ཅའོ་གཞུང་རྟ་སྦོམ་པོའི་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་》《ཡུན་མུའུ་ཞང་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་》ཀྲུང་ལུགས་སྨན་རྫས་ས་གནས་ཀྱི་ཚད་གཞིར་ཆོག་མཆན་སྤྲད་པ་དང་འབྲེལ་རྒྱལ་ཁབ་ཚད་ལྡན་ཅན་གྱི་ཆ་འཕྲིན་སྟེགས་བུར་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བས་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་པ་བརྒྱུད་ཐོན་ཚད་ཆེས་ཆེར་འཕར་རེ་ཡོད་པ་དང་སྔོན་དཔག་བྱས་ན་ད་ལོ་ལོ་དེ་སྔ་ལས་ལྡབ་3འཕར་རྒྱུ་ཡིན་པ་དང་ལོ་ཏོག་བསྡུ་བའི་དུས་ཚིགས་སུ་སླེབས་མེད་ཀྱང་སྨན་རྫས་ཚང་མ་སྨན་ཚོང་ཁང་གིས་སྔོན་མངགས་བྱས་ཟིན་ཞེས་ངོ་སྤྲོད་བྱས་པ་རེད།

        མིག་སྔའི་བར་ཁུལ་ཡོངས་ཀྱིས་ཀྲུང་ལུགས་སྨན་རྫས་འདེབས་ཁྱོན་མུའུ་ཁྲི་13.4ལོན་རྒྱུར་སྐུལ་འདེད་བཏང་བ་དང་།དེའི་ནང་ཏང་ཀུའེ་ཡི་འདེབས་གསོའི་རྒྱ་ཁྱོན་མུའུ་ཁྲི་3ལ་ཉེ་བ།སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི་750ཙམ་ཟིན་གྱི་ཡོད་པ་དང་།ཆིན་ཅའོ་གཞུང་རྟ་སྦོམ་པོ་མུའུ་ཁྲི་1.5ཡོད་པ།སྤྱིའི་ཐོན་ཚད་ཏུན་ཁྲི་0.27ལ་ཉེ་བ་དང་།ཡུན་མུའུ་ཞང་གི་འདེབས་གསོའི་རྒྱ་ཁྱོན་མུའུ་ཁྲི་6.5ཙམ་ཟིན་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི་1.8ཙམ་ཟིན་ཡོད།