མཐའ་ཆུ་ལྗོངས་ཁུལ་གྱིས་ཡུལ་སྐོར་རྨང་གཞི་སྒྲིག་བཀོད་བྱེད་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་10པའི་ཚེས་7ཉིན་གསར་འགོད་པས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནས་འབའ་ལུང་རྫོང་མཐའ་ཆུ་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད་པ་མཐོང་བྱུང་།

        ཤེས་རྟོགས་བྱུང་བར་གཞིགས་ན་འབའ་ལུང་རྫོང་མཐའ་ཆུ་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་28000བཏང་བ་དེ་མཐའ་ཆུ་གྲོང་རྡལ་དེའི་རྒྱལ་པོ་སྟེང་གྲོང་ཚོ་དང་ཆི་པིའེ་གྲོང་ཚོ།མཐའ་ཆུ་གྲོང་ཚོ་སོགས་དང་འབྲེལ་བ་ཡོད་པ་རེད། འཛུགས་སྐྲུན་གྱི་ནང་དོན་ནི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས།  རིག་གནས་ཐང་ཆེན་སོགས་ཚུད་ཡོད། 2021ལོའི་ཟླ་3པར་དངོས་སུ་སྐྲུན་འགོ་ཚུགས་པ་དང་མིག་སྔར་མཐའ་ཆུ་ཐང་ཆེན་དང་།རྒྱལ་པོ་སྟེང་གི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་ཀྱི་ལས་གྲྭ་ལས་འགོ་ཚུགས་ཟིན་པ་དང་།སྤྱིའི་ལས་གྲྭའི་ཚད་ཀྱི་30%ལེགས་གྲུབ་ཟིན་ཡོད།

        རྣམ་གྲངས་དེ་བསྐྲུན་པ་དེས་མཐའ་ཆུ་གྲོང་རྡལ་དང་གྲོང་རྡལ་གྱི་ཡུལ་སྐོར་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་མཐའ་ཆུ་གྲོང་རྡལ་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ནས་མཐའ་ཆུ་གྲོང་རྡལ་གྱི་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པས་མཐའ་ཆུ་གྲོང་རྡལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་།དེ་དང་ཆབས་ཅིག་ས་གནས་དེ་གས་ཀྱང་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྩེར་སོན་མི་རིགས་རིག་གནས་རྣམ་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་སྟེགས་བཏོད་དེ་ཡུལ་སྐོར་བ་དེ་བས་ལེགས་པའི་ངང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།