ཡང་ཐང་ལུང་བའི་སྟོན་མཇུག་གི་མཛེས་ལྗོངས།

རྩོམ་པ་པོ།   རིན་ཆེན།  ཡིག་བསྒྱུར།       དུས་ཚོད།   2021-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སྟོན་ཀ་ནི་ང་ཚོས་ཆེས་རེ་སྒུག་བྱེད་སའི་དུས་ཚིགས་ཤིག་ཡིན་ལ། ང་ཚོས་ཆེས་གཏོང་འདོད་མེད་པའི་དུས་ཚིགས་དེ་ཡང་ཡིན་པ་རེད། སྐབས་འདིར་ཡང་ཐང་གི་སྟོན་ཀ་ནི་སྟོན་མཇུག་གི་དུས་ཤིག་ཡིན་མོད།  འོན་ཀྱང་དེ་ལ་ཡང་རང་གི་དམིགས་སུ་ཐོན་པའི་མཛེས་པ་ཞིག་འདུག  

    སྟོན་མཇུག་གི་བསིལ་རླུང་གཡུག་ཐེངས་རེར་གསེར་མདོག་གི་སྡོང་ལོ་དག་ཡང་ཐང་ཆུ་དང་།ལམ་གྱི་གཞུང་། ལྗོན་པའི་གསེང་ལ་ལྷུང་བཞིན་ཡོད་ལ།ཉི་མའི་དྲོད་ཀྱིས་སྐམ་པའི་ལམ་འགྲམ་གྱི་རྩི་ཤིང་སྣ་ཚོགས་ལ་གོམ་པའི་འདེགས་འཇོག་དང་རླུང་བའི་གཡུག་ཐེངས་བར་ན་སྙན་པའི་ཤོག་སྒྲ་བར་མེད་གྲགས་ཡོང་།  

      གྲོང་ཚོའི་ནང་གི་རྡང་ལ་བརྩིགས་པའི་འབྲུ་རིགས་སྣ་ལྔ་ལས་ཞིམ་མངར་གྱི་དྲི་ཞིམ་རེ་རླུང་གིས་འཁུར་ཡོང་ལ།གདན་དུ་གཏིང་བའི་གསེར་མདོག་གི་སྤང་ལྗོང་སྟེང་ན་སྟོན་གྱི་ཤ་ཤེད་རྒྱས་པའི་རྟ་ནོར་ལུག་གསུམ་ཡང་ཁྱུ་དང་ཁྱུ་བྱས་ནས་གང་བདེར་རྒྱུ་བཞིན་འདུག  འདི་དག་ཡོད་ཚད་ལ་ལྗིད་ཏིག་ཏིག་གི་སྟོན་གྱི་སྣང་བ་ཞིག་གིས་ཁེངས་ཡོད་ལ།   འདི་ཡང་ཡང་ཐང་གི་སྟོན་ཀའི་མཛེས་ཉམས་ངོམ་སྟངས་ཤིག་དང་སྟོན་ཁའི་མཇུག་བསྡུ་སྟངས་ཤིག་ཀྱང་ཡིན་པ་རེད།