སྟག་མཆོང་གྲོག་རོང་སྟོད་མའི་ཕུག་ལམ་ལས་གྲྭ་འབྲེལ་མཐུད་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ཟླ་10པའི་ཚེས་23ཉིན་སེམས་ཀྱི་ཉི་ཟླ་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་ཡུལ་སྐོར་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ཡིན་པའི་སྟག་མཆོང་གྲོག་རོང་སྟོད་མའི་ཕུག་ལམ་ལས་གྲྭ་དེ་བདེ་བླག་ངང་འབྲེལ་མཐུད་ཐུབ་པ་དང་ཕུག་ལམ་དེ་འབྲེལ་མཐུད་ཐུབ་པ་དེས་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་ཁྱོན་ཡོངས་ནས་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད།

     ཕུག་ལམ་འདིའི་སྤྱིའི་རིང་ཚད་ལ་སྨི་1981ཡོད་པ་དང་སྟག་མཆོང་གྲོག་རོང་སྟོད་མའི་ཕུག་ལམ་གྱི་ས་གཤིས་བྲག་རྡོ་IV་དང་Vརིམ་པའི་བྲག་རྡོ་བསྐོར་རྒྱུ་གཙོ་བོར་བྱས་ཀྱང་ཕུག་ལམ་གནས་ཡུལ་འབྲི་ཆུའི་གྲོག་རོང་ནང་གནས་པ་དང་བྲག་རྡོ་བསྐོར་རྒྱུ་བལྟོས་བཅས་ཀྱིས་ཆག་གྲུམ་ཤོར་བ་མ་ཟད་ཕུག་ལམ་དེ་སྔའི་འགྲོ་ལམ་དང་ཐག་ཉེ་ཙམ་ཡོད་པས་འབར་གཏོར་ཨར་ལས་ཀྱིས་སྔར་ཡོད་ཀྱི་འགྲོ་ལམ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སླ་བ་དང་ཨར་ལས་བདེ་འཇགས་ཚོད་འཛིན་ལས་དོན་དཀའ་ཚེགས་ཆེན་པོ་ཡོད།ཉིན་351འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཐར་ཟླ་10པའི་ཚེས་23ཉིན་འབྲེལ་མཐུད་ལེགས་གྲུབ་བྱུང་ཞིང་།   སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླའི་གཞུང་ལམ་བསྐྲུན་ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།