ཚེ་དབང་ལྷ་མོའི་གཞས། ༼ གཡང་ལ་འཛོམས་པོ། ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-22   རྩོམ་ཁུངས།    网易云音乐


གཡང་ལ་འཛོམས་པོ། 

འཛོམས་པོ། འཛོམས་པོ། 

ཞིང་ལ་གཡང་ཞིག་བསམ་ནས།

ནས་འབྲུ་སྔོན་མོ་བཏབས་ཡོད།

གཡང་ལ་རུ་མ་འཛོམས་ན།

ཡུལ་ལུང་འཛོམས་པོ་འཛོམས་པོ།

འཛོམས་པོའི་ཡུལ་ལུང་འདི་ལ།

མྱི་དགའ་ལྷ་སྐྱིད་ཡོང་ཤོག

 འཛོམས་པོ།འཛོམས་པོ། 

ལྷས་ལ་གཡང་ཞིག་བསམ་ནས།

ཐུལ་དཀར་འབྲི་མོ་བཏགས་ཡོད།

གཡང་ལ་རུ་མ་འཛོམས་ན།

འོ་ཇ་ཞིམ་པོ་ཞིམ་པོ།

ཞིམ་པོའི་ཡུལ་ལུང་འདི་ལ།

མྱི་དགའ་ལྷ་སྐྱིད་ཡོང་ཤོག

 








འཛོམས་པོ།འཛོམས་པོ། 

ཁྱིམ་ལ་གཡང་ཞིག་བསམ་ནས།

ཕ་མ་གོང་ལ་བཀུར་ཡོད།

གཡང་ལ་ཚེ་ཐག་རིང་ན།

སེམས་པ་དྲོད་མོ་དྲོད་མོ།

དྲོན་མོའི་གཞིས་ཁྱིམ་འདི་ལ།

མྱི་དགའ་ལྷ་སྐྱིད་ཡོང་ཤོག








ཁྱོད་ལ་གཡང་ཞིག་འཁོར་ཤོག

ཁོ་ལ་གཡང་ཞིག་འཁོར་ཤོག

གཡང་ལ་འཛོམས་པོ་བྱུང་ན།

ཡུལ་ལུང་སྐྱིད་པོ་སྐྱིད་པོ།