ཡུལ་ཤུལ་དུ་གླུ་གཞས་དང་གཏམ་དཔེའི་འགྲན་བསྡུར་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-22   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཟླ་བ་༡༠པའི་ཚེས་༡༩ཡི་ནུབ་མོར། ཡུལ་ཤུལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གཟེངས་བུམ་ཞེས་པའི་དམངས་ཁྲོད་གླུ་གཞས་དང་གཏམ་དཔེ་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲད་པའི་མཛད་སྒོ་དེ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་སྤེལ། ཐེངས་འདིའི་འགྲན་བསྡུར་ནི་ཁུལ་མི་རིགས་མཐུན་སྒྲིལ་གསར་འཛུགས་གཞུང་ལས་ཁང་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་བསྒྲགས་ཁང་གིས་གཙོ་གཉེར་བྱས་ཤིང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་། ཁུལ་གླིང་གེ་འབྲུག་དམངས་ཁྲོད་གླུ་གར་ཚོགས་པས་འགན་གཉེར་བྱས་པ་རེད།

        ཐེངས་འདིའི་དམངས་ཁྲོད་གྱི་གླུ་གཞས་འགྲན་བསྡུར་ནང་བྱ་དགའ་ཨང་པོ་ལྔ་དང་། ཨང་གཉིས་པ་ལྔ། ཨང་གསུམ་པ་ལྔ། ཕུལ་བྱུང་བྱ་དགའ་ལྔ་བཅས་བདམས་ཡོད།

        ཐེངས་འདིའི་འགྲན་བསྡུར་སྤེལ་བ་དེས་བོད་ཀྱི་སྐོར་བྲོ་དང་། ལ་གླུ། གཏམ་དཔེ་སོགས་དམངས་ཁྲོད་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་། མཐོང་ཆེན་བྱ་བ་བཅས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད། །

བྱ་དགའ་ཨང་དང་པོ་ཐོབ་མཁན།

བྱ་དགའ་ཨང་གཉིས་པ་ཐོབ་མཁན།

བྱ་དགའ་ཨང་གསུམ་པ་ཐོབ་མཁན།

ཕུལ་བྱུང་བྱ་དགའ་ཐོབ་མཁན།