ཡང་ཐང་ཡུལ་དུ་ལོ་ལེགས་བཟང་བས་ཞིང་པའི་ངོ་ལ་འཛུམ་གྱིས་ཁེངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་10པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་བདེ་ཆེན་མའོ་ལིན་ཞོག་ཁོག་འདེབས་འཛུགས་རྟེན་གཞིར་སྤྲོ་སྣང་ལྡན་པའི་བོད་རིགས་ཀྱི་ལོ་ལེགས་གླུ་དབྱངས་གྲགས་པ་དང་འདྲུད་འཐེན་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་འགྲོགས་ནས་ཞོག་ཁོག་འདེབས་འཛུགས་ཀྱི་དུས་ཚིགས་བསུས་པ་རེད།ཤར་རླུང་གནམ་འབྲུག་གི་ཟོག་འདྲེན་རླངས་འཁོར་ཆེ་གྲས་རེ་རེ་བཞིན་གྱིས་ཁེངས་པའི་“གསེར་སྒོང་”་རེ་རེ་བཞིན་ཡུན་ནན་ཏེ་ཧུང་སོགས་དགུན་དུས་ཞོག་ཁོག་འདེབས་འཛུགས་ཁུལ་དུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་འཛུམ་མདངས་རབ་ཏུ་འཚེར་བ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་བྱེད་བཞིན་ཡོད་པ་རེད། 

        2020་ལོར་མའོ་ལིན་ཀུང་སིས་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་གོང་ཅུང་གྲོང་ཚོའི་གྲོང་མིའི་ཚོགས་ཆུང་དུ་ཞོག་ཁོག་འདེབས་འཛུགས་རྟེན་གཞི་བཙུགས་ནས་ས་ཞིང་མུའུ་800་འཁོར་རྒྱུག་བྱས་པ་དང་ཀུང་སི+རྟེན་གཞི+ཞིང་དུད་བཅས་ཀྱི་དཔེ་དབྱིབས་ལ་བརྟེན་ནས་ཞོག་ཁོག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བས་ཞོག་ཁོག་དེ་དག་ཧུང་ཧོ་དང་།ཅན་ཧྲུའེ།ཏེ་ཧུང་སོགས་གྲོང་ཁྱེར་དུ་བཏང་བས་དགའ་བསུ་ཐོབ་པ་རེད།

        2018ལོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཁ་ཁེ་ལས་ཚད་ཡོད་ཀུང་སིར་བཙུགས་པ་དང་2018ལོར་ང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་མ་དངུལ་བཏང་ནས་སྐྱེ་ལྡན་ཤིང་ཏོག་ལན་མའི་འདེབས་འཛུགས་དཔེ་སྟོན་གླིང་བཙུགས་པ་རེད།དེང་སྐབས་རང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྲོང་རྙིང་ལ་ཁའི་ཤིང་ཏོག་ལན་མའི་གཞིས་ཀ་མུའུ་132ལ་ལོ་ལེགས་ཡོང་རྒྱུར་དགའ་པོ་བྱུང་ནས་འཐུ་བའི་དུས་སུ་ཁྱོན་ཡོངས་ནས་སླེབས་ཡོད།ཉེ་བའི་ལོ་ཤས་རིང་ཆུས་དེའི་ཤིང་ཏོག་ལན་མའི་ཐོན་ལས་ལ་རྟེན་གཞི་འདེབས་འཛུགས་དང་འཐུ་བ།ཤིང་འབྲས་ལས་སྣོན། སྣོད་བཅུད་ཡུལ་སྐོར་སོགས་གཞི་གཅིག་ཏུ་གྱུར་པའི་ཐོན་ལས་སྦྲེལ་ཐག་ཅིག་ཆགས་ནས་མཐའ་འཁོར་གྱི་ཞིང་དུད་ལ་ལོ་ལྟར་དུད་ཚང་རེར་འབབ་འཕར་སྒོར་ཁྲི་1.7ལྷག་ཙམ་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད།