སྔོ་ཚལ་གྱི་རྩ་བ་རང་དགར་མ་གཡུགས། ཕན་ནུས་འདི་འདྲ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-20   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

      རྒྱུན་དུ་མི་རྣམས་ཀྱིས་ཚལ་གསེད་སྐབས་རྩ་བ་ཕལ་ཆེ་བ་ཕན་མེད་དུ་གཡུག་པ་རེད། དོན་དུ་སྔོ་ཚལ་གྱི་རྩ་བར་འཚོ་བཅུད་མང་པོ་ལྡན་ཡོད་པ་མ་ཟད། འགའ་རེ་སྨན་དུའང་འགྲོ་བས་ང་ཚོས་རང་དགར་གཡུག་མི་འོས་པར་འདུག

 

         

        གཅིག ཙོང་གི་རྩ་བ། ཙོང་གི་རྩ་བས་ཚ་བ་དང་གློ་འཇགས་ཐུབ་ལ། ཆམ་པ་དང་གཉན་ཚད་འགོག་པ་མ་ཟད། གལ་ཏེ་རྨ་བཟོས་ཚེ། ཙོང་གི་རྩ་བས་རྨ་ཤུལ་མེད་པར་བྱེད་ཐུབ།


 

        གཉིས། ཇིན་ཚལ་གྱི་རྩ་བ། ཇིན་ཚལ་གྱི་རྩ་བས་ཚ་བ་འཇོམས་ཐུབ་ལ། སེམས་ལ་གནོན་ཤུགས་བྱུང་ཚེ་ཇིན་ཚལ་ཟོས་ན་དེས་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ། ད་དུང་ཁྲག་ཤེད་མཐོ་བ་དང་གཉིད་མི་ཁུག་པ། གློ་ཡུའི་གཉན་ཚད་སོགས་ལ་ཕན།


 


        གསུམ། པོའོ་ཚལ་གྱི་རྩ་བ། པོའོ་ཚལ་གྱི་རྩ་བས་ཁྲག་གསོ་བ་དང་རྩ་འགག་པ་སོགས་བཅོས་ཐུབ་ལ། ཟས་མི་འཇུ་བ་དང་འགྱེལ་ནས་རྨས་སྐྱོན་ཕོག་ཚེ། པོའོ་ཚལ་གྱི་རྩ་བ་ཟོས་ན་ཕན་ཐོགས་ཆེན་པོ་ཡོད།

   

        བཞི། ཀེའུ་ཚལ་རྩ་བ། ཀེའུ་ཚལ་རྩ་བས་ཚ་དྲོད་འཇོམས་པ་དང་ཁྲག་རྩ་གཤོང་བ། ཁྲག་ཤེད་གཅོག་ཐུབ་ལ། སྣ་ཁྲག་གཅོད་པར་ཕན།