ཤྭ་ཁ་རི་བོའི་འདབས་ཀྱི་སྟོན་ལྗོངས།

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2021-10-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྟོན་ཟླ་བཅུ་བ་ཚེས་པ་ན།རྒྱལ་ཐང་གི་རི་ལུང་རི་ཀུན་གྱིས་རིམ་བཞིན་གསེར་མདོག་གི་སྟོན་ལྭ་ཞིག་ཀླུབས་ཡོང་ལ།ལྷག་པར་དུ་ལྗིད་ཀྱིས་ཆགས་པའི་ཤྭ་ཁ་རི་བོས་རྒྱལ་ཐང་གི་སྟོན་ཁ་ལ་མཛེས་སྡུག་གི་པུར་རིས་མཚར་པོ་ཞིག་མནན་འདུག

        བསིལ་འཇམ་གྱི་སྟོན་རླུང་གཡུག་ཐེངས་རེར་གསེར་མདོག་གིས་བྱུག་པའི་ནགས་ཀླུང་དེར་རླབས་རིས་ཤིག་ཤིག་བྱེད་ལ།ནགས་འདབས་ཀྱི་སྤང་ལྗོངས་སྟེང་ན་ཤ་ཤེད་རྒྱས་པའི་རྟ་ནོར་ལུག་གསུམ་གྱིས་ཀྱང་གང་བདེར་རྩྭ་ཆུ་ལ་རོལ་བཞིན་འདུག  དེ་མིན་གནམ་གཤིས་ཀྱི་དྭངས་ཐིབས་བར་ནས་ཤྭ་ཁ་རི་བོའི་མཛེས་ཉམས་མཚམས་མཚམས་རེར་མཚོ་ངོས་སུ་ལྡོག་ཏུ་འཕྲོས་པ་ན། མེ་ལོང་དུ་ཤར་བའི་སྣུམ་ཚོན་རི་མོ་ཞིག་དང་གཉིས་སུ་མེད། 

         རྒྱལ་ཐང་གི་སྟོན་ལྗོངས་ཀྱིས་རྒྱལ་རིང་ནས་ཡོང་བའི་ཡུལ་སྐོར་བ་མང་བོ་བཀུག་ཡོང་ཡོད་དེ།ཡུལ་སྐོར་བ་མང་བོ་ཡང་ཚོན་མདོག་བཀྲ་བའི་ཤྭ་ཁ་རི་བོའི་སྟོན་ལྗོངས་འདིར་ཆགས་འདུག   གལ་ཏེ་སྟོན་ཁ་ལ་དམིགས་སུ་ཐོན་པའི་ཚོན་མདོག་ཤིག་ཡོད་ན་ཚོན་མདོག་དེ་རྒྱལ་ཐང་ན་ཡོད་ལ།ཚོན་མདོག་དེ་ཤྭ་ཁ་རི་བོ་ན་ཡོད་པར་ཐེ་ཚོམ་མེད།