བདེ་ཆེན་དུ་དངོས་མཚོན་གློག་བརྙན་༼ བེ་ཤའི་རྒྱལ་ཁམས ༽་ཐོག་མར་སྟོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་10པའི་ཚེས་15ཉིན་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཁུལ་ཚོང་དོན་ཅུས་ཀྱིས་གཉེར་བའི་དངོས་མཚོན་གློག་བརྙན་༼བེ་ཤའི་རྒྱལ་ཁམས༽ཐོག་མར་སྟོན་བའི་རྣམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།

        2019ལོར་ཁུལ་ཚོང་དོན་ཅུས་ཀྱིས་དངོས་ཐོན་ཕྱོགས་དང་འབྲེལ་གཏུག་ཡང་ཡང་བྱས་ཏེ་དངོས་མཚོན་གློག་བརྙན་༼བེ་ཤའི་རྒྱལ་ཁམས༽པར་ལེན་གྱི་དུས་འགོའི་བརྟག་ཞིབ་བྱས་པ་དང་འབྲེལ་2020ལོར་ཕབ་སྐྲུན་དངོས་སུ་འགོ་བརྩམས་ནས་པར་ལེན་བྱས་པ་དང་པར་ལེན་ཚོགས་ཆུང་གིས་བདེ་ཆེན་ས་མཐོའི་གདོད་མའི་ནགས་ཚལ་ཁྲོད་དཀའ་བ་ཚད་མེད་མྱངས་པ་དང་བེ་ཤ་ས་འོག་ནས་ཐོན་པ་ནས་ཉི་གདུགས་ཁ་ཕྱེ་ནས་སྨིན་པ་སོགས་རྩ་ཆེའི་པར་རིས་འབོར་ཆེན་པར་ལེན་བྱས་པ།ལོ་གཉིས་ལ་ཉེ་བའི་དཀའ་བ་ཚད་མེད་སྤྱད་དེ་པར་ལེན་དང་འཁྲབ་གཞུང་བྱས་པ། དངོས་མཚོན་གློག་བརྙན་༼བེ་ཤའི་རྒྱལ་ཁམས༽པར་ལེན་བཟོ་སྐྲུན་ལེགས་འགྲུབ་བྱུང་ཡོད།དངོས་མཚོན་གློག་བརྙན་༼བེ་ཤའི་རྒྱལ་ཁམས༽ནང་བེ་ཤ་ཐོན་ལས་སྦྲེལ་ཐག་ཐོག་སྤྱིར་བཏང་གི་མི་རྣམས་ཀྱིས་ཁ་ཁུ་སིམ་པོའི་ངང་འབད་བརྩོན་དང་བློས་གཏོང་བྱས་ནས་བདེ་ཆེན་བེ་ཤའི་ཐོན་ལས་སྦྲེལ་ཐག་འདེགས་སྐྱོར་བྱེད་ཀྱི་ཡོད་པ་དང་ཁོང་ཚོའི་རྐྱེན་གྱིས་གཞི་ནས་བདེ་ཆེན་གྱི་བེ་ཤ་མི་རྣམས་ཀྱི་ལྗང་མདོག་གསོལ་ལྕོག་ཐོག་བསྐྱོད་དེ་མི་རྣམས་ལ་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་དམིགས་བསལ་གྱི་ལེགས་སྐྱེས་འབུལ་བའི་གཏམ་རྒྱུད་དེ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

        གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཇུག་འགྲིལ་རྗེས་ད་དུང་དངོས་མཚོན་གློག་བརྙན་༼བེ་ཤའི་རྒྱལ་ཁམས༽ཐོག་མར་སྟོན་པའི་རྣམ་པ་སྤེལ་བ་རེད།