འཛམ་གླིང་ཤུལ་བཞག་རིག་གནས་སྟེ་ཕོ་བྲང་པོ་ཏ་ལར་ཚེས15ཉིན་ནས་བཟུང་རིན་མེད་ལྟ་སྐོར་བྱས་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-15   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཚེས14ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་བརྡ་ཁྱབ་བཏང་སྟེ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”དུས་མཚམས་གཉིས་པའི་ཁྲོམ་རར་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལྟར། 2021ལོའི་ཟླ10པའི་ཚེས15ཉིན་ནས2021ལོའི་ཟླ12པའི་ཚེས31ཉིན་བར་ཕོ་བྲང་པོ་ཏ་ལར་རིན་མེད་ཀྱི་ལྟ་སྐོར་བྱས་ཆོག་པའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

        ཤེས་གསལ་ལྟར་ན། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་རིང་ཡུལ་སྐོར་བས་རྒྱུན་ལྡན་ལྟར་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ཀྱི་སྟེགས་བུའི་ཐོག་ཉིན་གཉིས་པའི་སྒོ་འཛིན་སྔོན་མངགས་བྱས་ཆོག