ཡུན་ནན་ཁྱད་ལྡན་འགྲེམ་སྟོན་སྟེང་གི་བདེ་ཆེན་གྱི་སྣ་མང་སྐྱེ་དངོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 图片


图片

        ཟླ་10བའི་ཚེས་13ཉིན། ཡུན་ནན་གྱི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་དངོས་སུ་སྨྱན་སྦྱོར་དང་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད། ཐེངས་འདིའི་ཚོགས་ཆེན་གྱི་ཡུལ་དངོས་འགྲེམ་སྟོན་གཅིག་པུ་ཡིན་པའི་ཆ་ནས། ཡུན་ནན་གྱི་ཁྱད་ལྡན་འགྲེམ་སྟོན་གྱིས་ཀྱང་རྒྱ་ཆེའི་སྨྱན་སྦྱོར་གྱི་ཡིད་དབང་བཀུག་པ་རེད། ལྷག་པར་དུ་བདེ་ཆེན་སྐྱེ་དངོས་རིགས་འབོར་ཆེན་འགྲེམ་སྟོན་ནང་ཞུགས་ནས་མིག་དབང་རབ་ཏུ་འཕྲོག་ཅིང་། འགྲེམ་ཁང་ནང་བདེ་ཆེན་ནས་ཐོན་པའི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གི་པར་རིས་སྨྱན་གཟུགས་སོགས་ཀྱི་འགྲེམ་སྟོན་ལག་རྩལ་བརྟེན་ནས་འགྲེམ་ཁང་མཛེས་པར་སྤྲས་འདུག 

图片

图片


图片


图片


        འགྲེམ་སྟོན་འདིས་བདེ་ཆེན་གྱིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་མངོན་བཞིན་ཡོད་ལ། ཡུན་ནན་འགྲེམ་ཁང་གི་སྤྱིའི་འགྲེམ་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ་2300ཡོད་ལ། ཁྱོན་འགྲེམ་སྟོན་རྣམ་གྲངས་76ཡོད་པ་དང་འགྲེམ་སྟོན་གྱང་278ཀྱིས་པར་700ལྷག་ཙམ་འགྲེམ་སྟོན་བྱས་ཡོད་པ་རེད། འགྲེམ་སྟོན་དེ་ཁག་ལྔ་ལ་དབྱེ་ཡོད་པ་སྟེ། ཐེངས་འདིའི་ཚོགས་ཆེན་འགྲེམ་སྟོན་དེ་དྲ་ཐོག་དང་ཡུལ་དངོས་མཉམ་བགྲོད་ཀྱི་རྣམ་པ་སྤྱད་ཡོད་ལ། དྲ་ཐོག་འགྲེམ་སྟོན་ནང་ཀྲུང་གོའི་འགྲེམ་སྟོན་དང་ཞིང་ཆེན། གྲོང་ཁྱེར་ཁག་གི་ས་ཁུལ་འགྲེམ་སྟོན་ཚུད་ཡོད་ལ། ཡུལ་དངོས་འགྲེམ་སྟོན་དེ་ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལག་ལེན་དང་གྲུབ་འབྲས་འགྲེམ་སྟོན་བྱེད་ས་ཞིག་ཏུ་འགྱུར་ཡོད་པ་རེད།

图片


图片


图片


图片