ལྷོ་ཁ་གྲོང་ཁྱེར་གྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-13   རྩོམ་ཁུངས།    ཀྲང་གོ་བོད་ཀྱི་དྲ་བའི་འཕྲིན།

bf379841-4f4a-4c9c-8563-be871e4e0d28.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཤད་མའི་འཁལ་འཐག་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས“པང་གདན”འཐག་བཞིན་པའི་རྣམ་པ་རེད།

        ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཡོད་ལ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་དར་སྲོལ་གྱི་གཞི་རྒྱུ་མཉམ་འདྲེས་བྱས་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་ནང་དོན་གསར་པ་བསྣན་པས། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། །