ལག་རྩལ་ལྡན་ན་ཕྱུག་འགྱུར་ལམ་བུ་ཡངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-12   རྩོམ་ཁུངས།    གྲུང་གོ་བོད་ཀྱི་དྲ་བ།

W020211011335559587026.jpg

འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མས་ཚེམ་བུ་སྦྱོང་བཞིན་པ།

        ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ལས་རིགས་སློབ་གསོ་དེ་དམངས་འཚོ་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “ལས་ཞུགས་བྱ་རྒྱུ་ཁྲིད་སྟོན་དང་ཞབས་ཞུ་བྱ་རྒྱུ་རྩ་དོན་དུ་འཛིན་པ”མཐའ་འཁྱོངས་བྱས་ནས་རྩལ་ནུས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྩལ་ནུས་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གི་བུ་ཕྲུག་གིས་ལག་རྩལ་སྣེ་གཅིག་སྦྱངས་ནས་ལས་ཞུགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད།།