སུམ་རྩེན་གླིང་གི་གྲྭ་བསcop15འགོ་རྩོམ་པའི་མཛད་སྒོར་གཟིགས་པ།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2021-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ10བའི་ཚེས11ཉིན་གྱི་ཕྱི་དྲོར།   དགའ་ལྡན་སུམ་རྩེན་གླིང་དོ་དམ་ཅུས་དང་།    དགའ་ལྡན་སུམ་རྩེན་གླིང་དམངས་གཙོ་དོ་དམ་ཨུ་ལྷན་གཉིས་ཀྱིས་དགོན་པ་འདི་གའི་ཁང་ཚན་སོ་སོ་ནས་ཐོན་པའི་གྲྭ་བ་ལྔ་བཅུ་ལྷག་རྩ་འཛུགས་བྱས་ཏེ་དགོན་པའི་སྣེ་ལེན་ཁང་གི་ཚོགས་ར་ནས་ཡུན་ནན་དྲ་བའི་ཐད་གཏོང་འཕྲིན་ལམ་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་COP15འགོ་རྩོམ་པའི་མཛད་སྒོར་གཟིགས་པ་རེད།  

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོར་གཟིགས་པ་འདིས་རྒྱ་ཆེའི་གྲྭ་བ་ཚོས་རྒྱབ་ཁབ་ཀྱི་སྲིད་ཇུས་ལ་རྒྱུས་ལོན་དང་།   རང་ཞིང་དུ་བསྡུས་པའི་ཚོགས་འདུ་གལ་ཆེན་ལ་དོ་སྣང་དང་དེའི་དགོངས་དོན་ལག་ལེན་ཏུ་བསྟར་བ།   ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ།    དགེ་འདུན་པའི་སྡེ་ཡང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་བྱེད་སྒོའི་ནང་ཞུགས་པ།    རྒྱལ་གཅེས་ཆོས་གཅེས་དང་ཏང་དང་མི་དམངས་ལ་དགའ་བའི་བརྩེ་སེམས་མཚོན་པ།        བདེ་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འཛམ་གླིང་སེམས་ཀྱི་ཉི་ཟླ་བསྐྲུན་པར་རང་ངོས་ཀྱི་ནུས་པ་འདོན་པའི་དགེ་མཚན་ལྡན་པ་རེད།  


        མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུ་དེ་ཟླ་10པའི་ཚེས་11ཉིན་ཡུན་ནན་ཁུན་མིང་དུ་འཚོགས་ཤིང་། ཚོགས་ཆེན་དེ་ཚེས་11ཉིན་ནས་ཚེས་15ཉིན་བར་འཚོག་རྒྱུ་ཡིན་པ་དང་།  དེའི་ནང་རིམ་པ་མཐོ་ཤོས་ཀྱི་ཚོགས་འདུ་དང་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་སོགས་ཀྱི་བྱེད་སྒོ་ཚུད་ཡོད། རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི།   དེ་བཞིན་རྒྱལ་ནང་གི་འབྲེལ་ཡོད་སྡེ་ཚན་དང་ས་གནས་སྲིད་གཞུང་སོགས་འཐུས་མི་ཚོགས་འདུར་ཞུགས་ནས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འཐབ་ཇུས་གསར་པར་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་རེད།     དུས་མཚུངས་སུ་ཁུན་མིང་གི་བསྒྲགས་གཏམ་ཞེས་པ་སྟེ།   སྐྱེ་ཁམས་དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་ནས་ཐུན་མོང་ཐོག་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།     བསྒྲགས་གཏམ་ནང་ཕྱོགས་སོ་སོས་བྱ་འགུལ་སྤེལ་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱ་རྒྱུའི་འབོད་སྐུལ་དང་།   སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཆད་ཤོར་འགྲོ་བ་སྔོན་འགོག་བྱས་ཏེ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་རེད།    དུས་མཚམས་གཉིས་པའི་ཚོགས་འདུ་དེ2022ལོའི་ཟླ4པའི་ཚེས25ཉིན་ནས་ཟླ5པའི་ཚེས8ཉིན་བར་འཚོག་རྒྱུ་རེད།