ཧོང་ཕུའུ་གཙང་འགྲམ་གྱི་དྲན་པ་ཐོར་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-11   རྩོམ་ཁུངས།   

图片

ཧོང་ཕུའུ་གཙང་འགྲམ་གྱི་དྲན་པ་ཐོར་བུ།

                      རྡོ་ལུང་རིན་ཆེན་གྱིས་བྲིས།

༡、ཕ་ཡུལ་དང་ཆེས་ཐག་རིང་ས་འདི་ན

གངས་རི་དང་རྩྭ་ཐང་མེད་ས་འདི་ན

ཁྱེད་ནི་དལ་ལྷོད་ལྷོད་ཤར་ནས་ཤར་ལ་བཞུར་བཞིན་ཡོད

ངས་ལྕགས་ཟམ་དེའི་སྟེང་ནས་རླུང་ལ་སྒུག་བཞིན

ཁྱེད་ཀྱི་གཤིས་ཀ་འཇམ་པོ་དེར་རྔམ

ངས་གཡོ་གྲུ་དཀར་པོ་དེར་ལྟ་བཞིན

ཁྱེད་ལ་ལག་པས་བྱིལ་བྱིལ་བྱས

 

༢、སྦྲ་ཁྱིམ་དང་རྟ་ནོར་དྲན་ས་འདི་ན

གངས་ལྗོངས་དང་སྤུན་གྲོགས་དྲན་ས་འདི་ན

ཁྱེད་ནི་ངའི་མཛེས་ལྗོངས་གཅིག་པུ་ཡང་ཡིན

མི་ཚོགས་ཀྱི་ཁྲོད་ན་ངོ་མི་ཤེས་པའི་མཐོ་སྒང་གི་གཅེས་ཕྲུག་ག་གེ་མོ་རེས

ཁྱེད་ལ་རེ་བཅོལ་བྱེད་བཞིན་ཡོད་ལ

མདུན་སྐྱོད་བྱེད་བཞིན་ཡོད

བསིལ་རླུང་གི་ཁྲོད་ན་ང་ལ་ངོ་ཤེས་ཁྱོད་ལས་མེད་དེ

ངའི་རྒྱ་སེ་མེ་ཏོག་གཅིག་རྐང་གཅིག་པོ་དེ་ཡང་ཁྱེད་ལ་ཕུལ

 

༣、གློག་འོད་ཁྲོམ་ཁྲོམ་གྱི་བར་ན

ཁྱེད་ནི་ངའི་སྣང་བ་འཁོར་ས་དེ་ཡིན་ལ

གྲངས་མེད་ཁང་བརྩེགས་ཀྱི་བར་ན

ཁྱེད་ནི་ངའི་གནས་ཚང་ཆུང་ཆུང་དེ་ཡིན

ཁྱེད་ཀྱི་འགྲམ་ངོགས་ནས་ལམ་ཐུགས་བྱུང་བའི་སྤུན་མཆེད་དེ་ཚོ་ཡང

ཁྱེད་ཀྱི་འཇོར་སྒེག་ལ་ཆགས་འདུག

དེ་ཕྱིར    ཁྱེད་ལྷ་མོ་རེད    ཁྱེད་ཀླུ་མོ་རེད

ཁྱེད་ངའི་གྲོང་ཁྱེར་འདིའི་སེམས་པ་ཆགས་ས་ཁོ་ན་རེད