རྒྱལ་སྟོན་རིང་བདེ་ཆེན་གྱི་ཞིང་པ་ཚོས་སྟོན་བསྡུ་ལས་ལ་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྟོན་ཟླ་བཅུ་པ་ནི་ལོ་ཏོག་སྨིན་བའི་དུས་སྐབས་ཡིན་ལ། ཞིང་པ་ཚོས་ལོ་ཏོག་བསྡུ་བའི་དུས་ཚིགས་ཡིན་པས་ལོ་གཅིག་ནང་ལས་བྲེལ་ཆེ་ཤོས་ཀྱི་དུས་སྐབས་ཡིན། གསེར་ཞུན་ལན་བརྒྱར་བྱུགས་འདྲའི་ཞིང་ཐང་དུ་ལོ་ལེགས་སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་བས་ཞིང་པ་ཚོའི་མདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད།

        སྟོན་ཟླ་བཅུ་པར་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་འབྲས་བསྡུ་བའི་དུས་སྐབས་སླེབས་པ་དང་། འབྲས་ཞིང་དུ་བརྔ་བསྡུའི་འཕྲུལ་འཁོར་གྱིས་ཝང་ཝང་གི་སྒྲ་གྲགས་པ་དང་།  ཞིང་པ་ཚོས་འབྲས་སོག་བསྡུ་བ་དང་འབྲས་སོབ་དབོར་སྐྱེལ་བྱེད་པར་བྲེལ་ཡོད། བརྔ་བསྡུ་དང་འབྲུ་རྡོག་ཕུད་པ་སོགས་འཕྲུལ་འཁོར་ཅན་གྱི་ལས་སྒྲུབ་བྱེད་སྟངས་ཀྱིས་ཞིང་པ་ཚོའི་ངལ་རྩོལ་ལྕི་ཚད་ཇེ་ཡང་དུ་བཏང་ཡོད་པ་མ་ཟད་ཐོན་སྐྱེས་ཀྱི་ལས་ཆོད་མཐོར་འདེགས་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་གི་ཞིང་ཁ་དང་རི་ཀླུང་ཁྲོད་ཞིང་པ་ཚོས་ལོ་ཏོག་བསྡུ་བའི་དུས་མཚུངས་སུ་འབྲུ་རིགས་སྐམ་པར་བྲེལ་ཡོད།

        རྒྱལ་སྟོན་གུང་གསེང་རིང་། འབའ་ལུང་རྫོང་ཡུང་ཁྲུན་ཤང་པའེ་ཕ་ཐང་གྲོང་མི་ཚོ་ཆུང་དུ་གྲོང་མི་རྣམས་ཀྱིས་འབྲས་ཞིང་དུ་འབྲས་སོབ་བརྔ་བར་བྲེལ་ཡོད་པ་དང་། གྲོང་མི་ཡུས་ཅ་ལིན་གྱི་འབྲས་ཞིང་ལ་ལོ་ལེགས་བྱུང་བས་ངོ་ལ་འཛུམ་མདངས་ཕྱུང་ཡོད།

        གུང་གསེང་རྫོགས་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་པ་འགར་སྟོན་བསྡུ་ལས་ལ་བྲེལ་འགོ་ཚོགས་པ་དང་། རྩྭ་བསྡུ་བ་དང་ནས་བརྔ་བ།  ཡུངས་དཀར་བརྡུངས་བ།  ཉུང་མ་བསྡུ་བ།  ཞོག་ཁོག་སློག་པ་སོགས་ལས་རེ་རེ་བཞིན་བྲེལ་བ་རེད།