རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-07   རྩོམ་ཁུངས།    བོད་ཀྱི་གླུ་གར་འཕྲིན་སྟེགས།
ཚིག དབང་འདུས།
词: 旺堆
དབྱངས། བཀྲ་ལོ།
曲: 扎洛
ལེན་མཁན། སྡེ་དགེ་ཟླ་གཡང་།
演唱: 德格达拥
ལ་ལུང་མང་པོ་བརྒྱབ་ནས།
གཞན་ཡུལ་ཕྱོགས་ལ་སླེབས་སོང་།
ས་རྒྱུས་མེད་པའི་གཞན་ཡུལ།
རང་སེམས་ཆགས་པ་མི་འདུག།
བྱམས་སེམས་ཅན་གྱི་སྐྱེད་མ།
རྨི་ལམ་ནང་དུ་མཇལ་བྱུང་།
ང་རས་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཐོས་ཀྱང་ཐོས་ཀྱི་མི་འདུག།
གཞན་ཡུལ་ཕྱོགས་ཀྱི་མི་རྣམས།
ཕ་མ་སྤུན་མཆེད་ཡིན་ན་བསམ་བྱུང་།
ང་རས་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཐོས་ཀྱང་ཐོས་ཀྱི་མི་འདུག།